སྤྱི་ཁྱབ་ཧྲུའུ་ཅིས་ནག་ཆུའི་ས་ཡོམ་ལ་མཛུབ་སྟོན་གལ་ཆེན་གནང་བ།

ས་ཡོམ་བརྒྱབ་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་གནང་བ་སྟེ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད་པས། མི་སྣ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས། མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། 

སྦྲ་ཆེན་གྱི་ས་ཡོམ་ལ་ཞལ་འདེབས་རྒྱག་དགོས་ན། འདིར་གཟིགས།

བོད་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་བཀྲམ་པའི《ཕན་ཚུན་ལྟ་སྐྱོང་། སྦྲ་ཆེན་ལ་བརྩེ་བ་ཟབ་མོ་བཅངས། ——བོད་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་སྦྲ་ཆེན་རྫོང་ས་ཡོམ་གྱི་ཉེན་སེལ་རྒུད་སྐྱོབ་ལ་ཛ་དྲག་རོགས་སྐྱོབ་ཀྱི་གྲོས་འདོན་ཡི་གེའི》ནང་དུ་དངུལ་དང་དངོས་ཟོག་ཞལ་འདེབས་རྒྱག་སྟངས་ཡོངས་བསྒྲགས་བྱས་ཡོད། 

ཀྲུང་དབྱང་ནས་གེགས་སེལ་མ་དངུལ་སྒོར་ཁྲི་5000གཏོང་སྤྲོད་བྱས་འདུག

ནོར་སྲིད་པུས་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ལ་གནོད་འཚེའི་མ་དངུལ་གཏོང་སྤྲོད་ལ་དམ་འཛིན་བྱེད་པ་དང་གེགས་སེལ་མ་དངུལ་ལ་ལྟ་འདོམས་ཤུགས་སྣོན་བརྒྱབ་སྟེ། གེགས་སེལ་མ་དངུལ་ཚང་མ་གནོད་འཚེ་ཕོག་ཁུལ་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྤྱོད་རྒྱུ་འགན་ལེན་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱ་རྒྱུའི་བླང་བྱ་བཏོན་པ་རེད། 

རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་གེཌ་སེལ་མ་དངུལ་སྒོར་ཁྲི་7000བཏང་བ།

གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ནོར་སྲིད་ཀྱི་འགན་ནུས་འདོན་སྤེལ་ཏན་ཏིག་བྱས་ནས་ནུས་ཤུགས་ཡོད་རྒུས་མ་དངུལ་འགན་ལེན་ཡག་པོ་བྱ་རྒྱུ་རེད། 

བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣      བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།

སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩