དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྦྲ་ཆེན་གྱི་ཡོམ་ཁུལ་ནས་སློབ་འགོ་བསྐྱར་ཚུགས་སུ་ཡོང་མཁན་སློབ་མས“སློབ་འགོ་བསྐྱར་ཚུགས་ཀྱི་སློབ་ཚན་དང་པོ”ཉན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-06


    འདི་ནི་སྦྲ་ཆེན་རྫོང་གི་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་གྱི་སློབ་མ་ཁག་གཅིག་གིས་སློབ་ཁང་དུ“སློབ་འགོ་བསྐྱར་ཚུགས་ཀྱི་སློབ་ཚན་དང་པོ”ཉན་བཞིན་པ།

    ཚེས་4ཉིན་གྱི་སྔ་དྲོར། ལྷ་སའི་ནག་ཆུ་ཆ་ཚང་སློབ་འབྲིང་དུ་སྦྲ་ཆེན་རྫོང་གི་ས་ཡོམ་གནོད་འཚེ་ཕོག་ཡུལ་གྱི་སློབ་མའི“སློབ་འགོ་བསྐྱར་ཚུགས་ཀྱི་སློབ་ཚན་དང་པོའི”བྱེད་སྒོ་སྤེལ་ཞིང་། ནག་ཆུ་གྲོང་ཁྱེར་གྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་དྲ་ཐོག་དང་དྲ་ཕྱི་ནས་དུས་མཉམ་དུ་སློབ་ཚན་ཉན་པ་རེད།

    “སློབ་འགོ་བསྐྱར་ཚུགས་ཀྱི་སློབ་ཚན་དང་པོ”དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་པ་རེད། དེ་རྗེས་ལྷ་སའི་ནག་ཆུ་ཆ་ཚང་སློབ་འབྲིང་གི་སློབ་སྤྱི་ཚེ་རིང་གཡུ་སྒྲོན་གྱིས་ཤིས་ཚིག་བསྒྲོན་པ་དང་། སྦྲ་ཆེན་རྫོང་གི་དགེ་སློབ་རྣམས་སླེབས་པར་དགའ་བསུ་ཞུས་པ་དང་འབྲེལ་སློབ་གྲོགས་ཡོངས་ཀྱིས་ད་ཐེངས་ཀྱི་མྱོང་བརྒྱུད་དེ་འཚར་ལོངས་ཀྱི་སྟོབས་ཤུགས་སུ་བསྒྱུར་ནས་དྲིན་ཚོར་ལ་བརྟེན་ཏེ་ཕུགས་འདུན་འཛུགས་པ་དང་། འབད་འཐབ་ལ་བརྟེན་ནས་ལས་ལ་གཞོལ་བ། ཐོག་མའི་བསམ་འདུན་ལ་བརྟེན་ནས་བློ་སྟོབས་འཕེལ་བར་བརྩོན་པ་བཅས་བྱས་ཏེ། ནམ་ཡང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། དཀའ་སྤྱད་སྦྱོང་བརྡར། འབད་བརྩོན་ལྷོད་མེད་བཅས་བྱས་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་དུ་འཚར་ལོངས་ཧུར་ཐག་ཡོང་བའི་རེ་བའང་བརྒྱབ་པ་རེད།

    ཆེད་དོན་སློབ་ཁྲིད་ཀྱི་ལྷུ་ཚིགས་སུ། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་རྒན་ཀྲང་ཨའེ་ཕིང་གིས“གངས་ལྗོངས་སུ་བློ་སེམས་གཅིག་མཐུན་ངང་དཀའ་ཉེན་ལས་སྒྲོལ། བཀའ་དྲིན་ཚོར་བཞིན་འབྱུང་འགྱུར་ཕྱོགས་སུ་འབད་འབུངས་བྱེད”ཅེས་པ་འགོ་བརྗོད་དུ་བྱས་ཏེ་ས་ཡུལ་དངོས་སུ་སློབ་ཁྲིད་བྱས་ཤིང་། ས་ཡོམ་བརྒྱབ་རྗེས་ཏང་ཀྲུང་དབྱང་དང་དེ་བཞིན་རང་སྐྱོང་ལྗོངས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མགྱོགས་མྱུར་རོགས་སྐྱོབ་དང་བཀོད་སྒྲིག་བྱས་པ་དང་། ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་གེགས་ཁུལ་ལ་རོགས་སྐྱོར་དང་དགེ་སློབ་ཕན་ཚུན་རོགས་རམ་བྱས་ཏེ་གནས་སྤོས་བཀོད་སྒྲིག་བྱས་པའི་མཐོང་ཐོས་མྱོང་གསུམ་དང་ཟུང་འབྲེལ་བྱས་ཏེ་སློབ་མ་རྣམས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དངོས་སུ་ཚོར་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།