དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཞུས་ཀྲི་ཝུན་གྱིས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ཡོམ་འགོག་གེགས་སེལ་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-06

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའི་པུའུ་ཀྲང་། དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཞུས་ཀྲི་ཝུན་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་ཡོམ་འགོག་གེགས་སེལ་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ་རེད། སྦྲ་ཆེན་རྫོང་གི་ས་ཡོམ་རིམ་པ་7.0གྱི་འཕྲལ་སྡོམ་ཐག་གཅོད་བཀོད་འདོམས་པུའི་གསར་འགྱུར་ལྟེ་གནས་དང་། སྦྲ་ཆེན་རྫོང་གྲོང་། དམར་རུ་ཤང་ཆུ་གྲོང་གྲོང་ཚོ། དེ་བཞིན་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་བཅས་སུ་གསར་འགོད་པ་དང་། བོད་སྐྱོར་ལས་བྱེད་ཤེས་ལྡན་པ། གཞི་རིམ་ཏང་ཡོན་ལས་བྱེད་པ། གེགས་སེལ་འཐབ་ས་དང་པོར་བསྟུད་མར་འབད་འཐབ་བྱས་ནས་ནད་གཞི་ཕོག་པའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་གྲུང་མཚོ་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

    ཞུས་ཀྲི་ཝུན་གྱིས་ནན་བཤད་གནང་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ། གེགས་རྗེས་བསྐྱར་སྐྲུན་གྱི་བརྒྱུད་རིམ་དེ་ཕྱོགས་ཡོངས་ནས་གཞི་རིམ་ཏང་རྩ་འཛུགས་ལ་ཤུགས་སྣོན་རྒྱག་པའི་བརྒྱུད་རིམ་དུ་བརྩིས་ནས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་མུ་མཐུད་བཅོས་སྒྲིག་གཏིང་ཟབ་བྱེད་དགོས། གཞི་རིམ་མང་ཚོགས་ཀྱི་སེམས་ནུས་གཅིག་ཏུ་སྒྲིལ་བའི་བརྒྱུད་རིམ་ལ་བརྩིས་ནས་དྲིལ་བསྒྲགས་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ་ཞིང་འབྲོག་མང་ཚོགས་ལ་ཁྲིད་སྟོན་བྱེད་དགོས། ཏང་ཡོན་ལས་བྱེད་པར་ཏང་གཤིས་ཞུན་བརྡར་བྱེད་པའི་བརྒྱུད་རིམ་ལ་བརྩིས་ནས་ཡོམ་འགོག་གེགས་སེལ་གྱི་ཕན་འབྲས་དངོས་ལ་བརྟེན་ཏེ་ལས་བྱེད་པར་ཞིབ་དཔྱད་དང་རྟོག་ཞིབ་མཐའ་འཁྱོངས་བྱེད་དགོས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་གཞི་རིམ་དུ་སྐྱོད་པ་དང་ལས་དོན་དངོས་སྒྲུབ་པར་སྐུལ་སློང་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཐབ་ས་དང་པོར་འགན་འཁྲི་འཁུར་ཏེ་ཡོམ་འགོག་གེགས་སེལ་གྱི་འཐབ་ས་མདུན་མར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱེད་དགོས། རྒྱུན་རྣམ་ཅན་གྱི་སྲིད་ཇུས་སྒྲོག་འགྲེལ་དང་ཁྱིམ་མཚེས་ཕན་ཚུན་རོགས་རམ་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་མང་ཚོགས་ཕན་ཚུན་རོགས་རམ་དང་བློ་སེམས་གཅིག་མཐུན་གྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས།

    གསར་འགྱུར་སྨྱན་སྦྱོར་གྱི་གསར་འགོད་པར་གཟིགས་སྐབས། དཔེ་མཚོན་དྲིལ་བསྒྲགས་མུ་མཐུད་ཡག་པོ་བྱེད་པ་དང་། སྔོན་ཐོན་དཔེ་མཚོན་སྔོག་འདོན་གཏིང་ཟབ་བྱེད་པ། གེགས་རྗེས་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དང་། བཀོད་སྒྲིག་བྱ་ཡུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་འགྱུར་ལྡོག དེ་བཞིན་གཞི་རིམ་གྱི་འཐབ་ས་དང་པོའི་ཏང་ཡོན་ལས་བྱེད་པའི་འགན་འཁྲི་འཁུར་ཕོད་པའི་འབད་འཐབ་ཀྱི་ཉམས་འགྱུར་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། བྱང་ཐང་གི་ཡོམ་འགོག་གེགས་སེལ་གྱི་གཏམ་རྒྱུད་ཡག་པོ་ཤོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།