དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་སྦྲ་ཆེན་གྱི་ས་ཡོམ་རིམ་པ་7.0གྱི་གནོད་འཚེའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-05

    ཚེས་3ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་སྦྲ་ཆེན་གྱི་ས་ཡོམ་རིམ་པ་7.0གྱི་གནོད་འཚེའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྱིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཆང་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་དོན་འཁྱོལ་བཅས་བྱས་པ་མ་ཟད། ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ནི་ངེས་པར་དུ་བརྟན་པོར་འཁུར་དགོས་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་དང་ཁ་ཚ་དགོས་གཏུགས་ཀྱི་དམངས་འཚོའི་འདུ་འགོད་ཅིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། མིག་སྔར་གཞི་ཚུགས་པ་དང་ཡོམ་འགོག་གེགས་སེལ་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཕུགས་ལ་དམིགས་པ་དང་གེགས་རྗེས་བསྐྱར་སྐྲུན་གྱི་ཇུས་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་པ། ཕྱར་བ་གྲུ་འདེགས་ངང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་དམ་འཛིན་ཞིབ་ཚགས་བྱེད་པ། ཏང་དང་སྲིད་གཞུང་གི་དྲོ་སྐྱིད་མང་ཚོགས་ཀྱི་སེམས་ནང་ཏན་ཏིག་ཚོར་བ་བཅས་བྱས་ནས། ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་གེགས་ཁུལ་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བར་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གེགས་རྗེས་བསྐྱར་སྐྲུན་གྱི་གཙོ་གནད་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ། ཞོར་ཐོན་གནོད་འཚེར་དོགས་ཟོན་ནན་པོ་བྱེད་པ་དང་། ཡོམ་འཕྲོར་ལྟ་ཞིབ་ཚད་ལེན་དང་ས་གཤིས་ཀྱི་མངོན་མེད་རྐྱེན་ངན་གྱི་གནས་ཚུལ་ལ་གྲལ་བཤེར་རྒྱུན་མཐུད་ཡག་པོ་བྱེད་པ། སྤྱི་པའི་བདེ་འཇགས་དོ་དམ་ཚོད་འཛིན་ལ་དམ་འཛིན་ནན་པོ་བྱེད་པ། འགན་ལེན་གྱི་ཆ་རྐྱེན་གཙོ་བོ་བཀོད་སྒྲིག་ཡག་པོ་བྱེད་པ། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བཅས་བྱས་ནས། གེགས་ཁུལ་མང་ཚོགས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ཇུས་གཞི་འགོད་པ་དང་། འཕྲལ་སྡོམ་ཐག་གཅོད་དང་ཕུགས་ཀྱི་འཕེལ་རྒྱས་སྤྱི་འདོམས་སྦྲེལ་མཐུད་མཐའ་འཁྱོངས་བྱེད་པ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་པོས་གེགས་རྗེས་བསྐྱར་སྐྲུན་གྱི་སྤྱིའི་འཆར་འགོད་དང་ལག་བསྟར་ཇུས་གཞི་བཟོ་བ། དུས་ཐུང་གི་བཀོད་སྒྲིག་འགན་ལེན་དང་ཕུགས་ཀྱི་སྤུས་ཚད་མཐོར་གཏོང་འཕེལ་རྒྱས་མཉམ་དུ་དམ་འཛིན་བྱེད་པ། ཞན་ཆ་སེལ་བ་དང་འཕེལ་རྒྱས་ཀྱི་སྙུགས་ཤེད་སྐྱེད་སྲིང་བྱེད་པ། ལས་གྲྭ་འཛུགས་སྐྲུན་གྱི་སྤུས་ཚད་དང་བདེ་འཇགས་ཀྱི་འགག་སྒོ་ནན་པོར་སྲུང་བ་བཅས་བྱས་ནས། བསྐྱར་སྐྲུན་ལས་དོན་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འགན་འཁྲིའི་འབྲེལ་ཐག་དམ་དུ་གཏོང་བ། ལས་དོན་ཆེད་སྒྲུབ་ཚན་ཁག་འཛུགས་པ། ཚན་རིག་དང་མཐུན་པའི་ཞིབ་འཇུག་བརྡར་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་འགྲོའི་གྲ་སྒྲིག་ཏན་ཏིག་བྱེད་པ། དོན་འཁྱོལ་དངོས་སྒྲུབ་མཐའ་འཁྱོངས་དང་སྤྱོད་གཙང་གི་མཐའ་ཚད་ནན་པོར་སྲུང་བ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཡོམ་འགོག་གེགས་སེལ་དང་། དམ་འཛིན་དངོས་སྒྲུབ། དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་བྱ་སྤྱོད་དངོས་ལ་འགྱུར་བར་བྱས་ནས། ཏང་དང་མི་དམངས་ལ་ཚད་ལོན་པའི་རྒྱུགས་ལན་ཧུར་ཐག་འབུལ་དགོས།

    ཚོགས་འདུའི་ཐོག་ད་དུང་སྐྱིད་གྲོང་རྫོང་གི“8.26”ཆུ་རུད་གནོད་འཚེའི་མཇུག་སྐྱོང་དང་སླར་གསོའི་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།