དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • བོད་ལྗོངས་སྦྲ་ཆེན་གྱི་ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་སློབ་མ་ཡུལ་གཞན་དུ་སློབ་འགོ་བསྐྱར་དུ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-06


    འདི་ནི་ཟླ་11ཚེས་4ཉིན་ལྷ་ས་ནག་ཆུ་ཆ་ཚང་སློབ་འབྲིང་དུ་དགེ་རྒན་བློ་བཟང་ཚུལ་ཁྲིམས་(གཡོན)ཀྱིས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གངས་ཆེན་ཤང་སློབ་ཆུང་གི་ལོ་རིམ་བཞི་པའི་འཛིན་གྲྭ་དང་པོའི་ཕྲུ་གུར་སློབ་འགོ་བསྐྱར་ཚུགས་ཀྱི་སློབ་ཚན་དང་པོ་འཁྲིད་བཞིན་པ།

    འདི་ནི་ཟླ་11ཚེས་4ཉིན་ལྷ་ས་ནག་ཆུ་ཆ་ཚང་སློབ་འབྲིང་དུ་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དམར་རུ་ཤང་སློབ་ཆུང་དང་གངས་ཆེན་ཤང་སློབ་ཆུང་གི་སློབ་མ་རྣམས་དགུང་ཟས་བཟས་རྗེས་ངལ་གསོ་བ་དང་རྩེད་མོ་རྩེ་བཞིན་པ།

    ཟླ་10ཚེས་22ཉིན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་པ་དང་། དམར་རུ་ཤང་སློབ་ཆུང་དང་གངས་ཆེན་ཤང་སློབ་ཆུང་གི་ཉལ་ཁང་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད། ཡུལ་གཞན་དུ་སློབ་འགོ་བསྐྱར་དུ་འཛུགས་པའི་ལས་དོན་སྤྱི་འདོམས་ངང་ཡག་པོ་སྒྲུབ་ཆེད། ཟླ་11ཚེས་1ཉིན་ནས་བཟུང་། སློབ་ཆུང་གཉིས་ཀྱི་དགེ་སློབ་ཁག་གསུམ་ལ་བགོས་ནས་ལྷ་ས་ནག་ཆུ་ཆ་ཚང་སློབ་འབྲིང་དུ་བསྐྱོད་ནས་ས་ཡོམ་གྱིས་སློབ་ཁྲིད་སྒྲིག་ལམ་ལ་འགོག་རྐྱེན་མི་ཐེབས་པ་བྱས་པ་རེད།

    ཟླ་11ཚེས་4ཉིན། སྦྲ་ཆེན་ས་ཡོམ་གྱི་ཤུགས་རྐྱེན་ཕོག་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དམར་རུ་ཤང་སློབ་ཆུང་དང་གངས་ཆེན་ཤང་སློབ་ཆུང་གི་སློབ་མ་ཆིག་སྟོང་ལྷག་ཙམ་ལྷ་ས་ནག་ཆུ་ཆ་ཚང་སློབ་འབྲིང་དུ་སློབ་འགོ་བསྐྱར་དུ་ཚུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།