ནད་རིགས་འདི་དག་ལ་རིན་མེད་བརྟག་དཔྱད་བྱེད་ཀྱི་འདུག

“འཛམ་གླིང་གི་ཟུག་འཇོམས་ཉིན་མོ”དང“ཀྲུང་གོའི་ཟུག་འཇོམས་གཟའ་འཁོར”ཐེངས་23པ་འཆར་ཉེར་ཡོད་པས། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་རིག་ཚན་མང་པོའི་རིགས་གཅིག་མཁས་ཅན་ཚོགས་པ་དང་མཉམ་དུ། ཟླ་10ཚེས་19ཉིན་གྱི་སྔ་དྲོའི་ཆུ་ཚོད་9:30ནས་11:00བར་ལ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་སྒོ་བསྟེན་སྨན་ཁང་གི་ཚོམས་ཆེན་དུ་སྤྱི་ཕན་གྱི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་རྒྱུ་རེད། 

དུས་རྒྱུན་དུ་རྒན་རྒོན་གྱི་བཟའ་བཏུང་ལ་དོ་སྣང་འདི་འདྲ་བྱེད་དགོས།

ལོ་ན་རྒས་དུས་དབང་པོ་ཡང་རིམ་བཞིན་རྒུད་འགྲོ་གི་ཡོད་པས། མིག་གིས་གསལ་པོ་མི་མཐོང་བ་དང་རྣ་བས་ཡག་པོ་གོ་གི་མེད། ལྷག་པར་དུ་ཟས་ཀྱི་དང་ག་ཉམས་པ་དང་བྲོ་བ་ཡག་པོ་མྱོང་མི་ཐུབ་པ་ཆགས་ཀྱི་ཡོད། དེར་བརྟེན་རྒན་རྒོན་ལ་ཟ་མ་སྣ་ཁ་མང་པོ་དང་བྲོ་བ་ཡག་པོ་སྟེར་དགོས།

གངས་རིན་པོ་ཆེ་དང་འབྲེལ་བའི་སྤྱི་བསྒྲགས་འདི་ཚང་མས་ཡག་པོ་གཟིགས་རོགས།

ཟླ་10པའི་ཟླ་དཀྱིལ་ནས་ཟླ་11པའི་ཟླ་འགོ་བར་གངས་འབྲིང་བ་ནས་ཆེ་བ་འབབ་རྒྱུ་མ་ཟད་དྲོད་ཚད་ཆེས་ཆེར་ཆག་རྒྱུ་ཡིན་པ་རེད། ཕྱོགས་བསྡུས་ཞིབ་འཇུག་བྱས་པ་བརྒྱུད། མཛེས་ལྗོངས་ཁུལ་དུ་འགྲོ་འོང་བྱེད་དཀའ་ལ་ལུས་དྲོད་ཉམས་པ་དང་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་སླ་པོ་ཡོད། དེར་བརྟེན། ཡུལ་སྐོར་བ་དང་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱ་ཆེད། 2026ལོའི་ཟླ་10ཚེས་20ཉིན་ནས་བཟུང་གངས་རིན་པོ་ཆེའི་མཛེས་ལྗོངས་ཁུལ་དངོས་སུ་སྒོ་རྒྱག་རྒྱུ་དང་2027ལོར་སྒོ་འབྱེད་པའི་དུས་ཚོད་ལོགས་སུ་བརྡ་ཐོ་གཏོང་རྒྱུ་ཡིན།

ས་ཆ་འདིར་གནས་སྐབས་ཁ་ལོ་བའི་ཡིག་རྒྱུགས་གཏོང་མཚམས་འཇོག་རྒྱུ་རེད།

འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། མོ་ཊའི་ཡིག་རྒྱུགས་ལ་སྤྱོད་པའི་རླངས་འཁོར་ཐོ་འགོད་བྱས་ཉིན་ནས་བཟུང་། བེད་སྤྱོད་ཚད་གཞི་ལོ་8ལས་བརྒལ་མི་རུང་། ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་ཀུང་སིའི་ཡིག་རྒྱུགས་གཉིས་པ་གཏོང་སའི་མོ་ཊ་ཁག་གཅིག་བེད་སྤྱོད་ལོ་8བཏང་ཟིན་པས་མུ་མཐུད་ཡིག་རྒྱུགས་གཏོང་བའི་ཚད་གཞི་ལས་ཡོལ་ཡོད།

བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣      བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།

སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩