ས་ཆ་འདི་དག་ལ་གངས་འབབ་རྒྱུ་དང་ཁག་གཅིག་ལ་དྲོད་ཚད་ཤུགས་ཆེན་ཆག་རྒྱུ།
ཟླ་11ཚེས་22ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་མ་འོངས་ཉིན་བཅུའི་རིང་གི་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན། ཟླ་11ཚེས་23དང་24ཉིན། ཉིང་ཁྲི་དང་ཆབ་མདོར་གངས(ཆར་པ)ཆུང་བ་ནས་འབྲིང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ། ཤང་གྲོང་ཁག་གཅིག་ཏུ་གངས(ཆར་པ)འབྲིང་བ་ནས་ཆེ་བ་འབབ་རྒྱུ། ས་བབ་མཐོ་བའི་རི་ཁུལ་ཁག་གཅིག་ཏུ་གངས་འུར་འབབ་རྒྱུ། ལྷོ་ཁའི་ས་ཆ་མང་ཆེ་བ་དང་། མངའ་རིས་ཀྱི་ཤར་རྒྱུད། ནག་ཆུའི་ས་ཆ་མང་ཆེ་བ། ལྷ་སའི་ས་ཆ་མང་ཆེ་བར་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་མ་ཟད། གངས(ཆར་པ)སིམ་སིམ་མམ་ཡང་ན་གངས་མ་ཆར་འབབ་རྒྱུ། ས་ཆ་ཁག་གཅིག་ཏུ་གངས་ཆུང་བ་ནས་འབྲིང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བ་འཁོར་རྒྱུ། ལྗོངས་ཡོངས་ཀྱི་ནུབ་རྒྱུད་ནས་ཤར་རྒྱུད་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ།
ཟླ་11ཚེས་25ནས་30ཉིན་བར། ལྗོངས་ཡོངས་སུ་གནམ་དྭངས་ནས་སྤྲིན་པ་ཉུང་ཙམ་འཁོར་རྒྱུ་དང་། ཚེས་25ཉིན་ཤར་ལྷོའི་རྒྱུད་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ་དང་ས་ཆ་ཁག་གཅིག་ཏུ་དྲོད་ཚད་ཧྲེ་ཧྲི་ཏུའུ་10ཡན་ཆག་རྒྱུ།
ཟླ་12ཚེས་1ཉིན། ཉིང་ཁྲི་དང་། ནག་ཆུའི་ཤར་རྒྱུད། ཆབ་མདོའི་བྱང་རྒྱུད། ལྷ་སའི་བྱང་རྒྱུད་དང་ཤར་རྒྱུད། ལྷོ་ཁའི་ཤར་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)སིམ་སིམ་མམ་ཡང་ན་གངས་མ་ཆར་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བ་འཁོར་རྒྱུ།
དེའི་རིང་ནག་ཆུ་དང་། མངའ་རིས་ཀྱི་ས་ཆ་མང་ཆེ་བ། གཞིས་རྩེའི་ལྷོ་རྒྱུད་དང་ནུབ་རྒྱུད། ལྷོ་ཁའི་ལྷོ་རྒྱུད། ཆབ་མདོའི་བྱང་རྒྱུད་ཀྱི་ས་ཆ་ཁག་གཅིག་བཅས་ལ་ལྷགས་པ་ཆེན་པོ་རིམ་པ་6ནས་8བར་རྒྱག་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།