ས་ཆ་འདི་དག་ལ་དྲོད་རླངས་གཏོང་བའི་དུས་ཚོད་གཏན་འཁེལ་འདུག
ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་ཚད་ཡོད་འགན་འཁྲི་ཀུང་སི(གཤམ་ལ་ལྷ་ས་སེམས་དྲོད་ཀུང་སི་ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར། ད་ལོའི་དགུན་དུས་དྲོད་རླངས་གཏོང་བའི་དུས་ཚོད་ནི་ཟླ་11ཚེས་15ཉིན་ནས་བཟུང་གཅིག་སྡུད་ཐོག་གཏོང་རྒྱུ་ཡིན་པ་དང་། མིག་སྔར་དྲོད་རླངས་མ་གཏང་གོང་གི་གྲ་སྒྲིག་ལས་དོན་ཁག་བྱེད་བཞིན་ཡོད་པ་རེད།
ལྷ་ས་སེམས་དྲོད་ཀུང་སིའི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། སྣེའུ་ཁུལ་གསར། སྟོད་ལུང་བདེ་ཆེན་ཆུས། སྟག་རྩེ་ཆུས་བཅས་ལ་2026ལོའི་ཟླ་11ཚེས་15ཉིན་ནས་2027ལོའི་ཟླ་3ཚེས་15ཉིན་བར་ཁྱོན་ཉིན་120ལ་ཆུ་ཚོད་24རྒྱུན་ཆད་མེད་པར་དྲོད་རླངས་བཏང་ནས་གྲོང་མིའི་སྡོད་ཁང་དང་། ལས་ཁུངས། བྱ་གཞག་ཚན་པ། སྨན་ཁང་སོགས་ལ་སྤྱོད་ཐུབ་པ་བྱ་རྒྱུ་རེད།
ལྷ་ས་སེམས་དྲོད་ཀུང་སིས་གྲོང་མིར་དྲན་སྐུལ་ཞུ་རྒྱུར།
དང་པོ། དྲོད་རླངས་གཏོང་རིང་། གྱང་ཐབ་ཀྱི་ཆུ་རང་མཚམས་ཀྱིས་འབུད་མི་རུང་བ་དང་། ཆུའི་ནང་རུལ་འགོག་སྨན་རྫས་བླུགས་ཡོད་པས་ཆུ་ཡང་སེ་འབུད་ཚེ་གྱང་ཐབ་ལ་ཆུ་མི་འདང་བའི་རྐྱེན་གྱིས་འཕྲོ་བརླག་ཐེབས་སྲིད། གཉིས་པ། གྱང་ཐབ་དང་དྲོད་རླངས་ལྕགས་ལེབ་ཀྱི་འགྲམ་དུ་ཅ་དངོས་འཇོག་པའམ་ཡང་ན་གོས་སོགས་སྐམ་མི་རུང་། བར་ཐག་ངེས་ཅན་བཞག་ནས་རླུང་འགྲོ་ཡག་པོ་ཡོང་བ་བྱེད་དགོས། གསུམ་པ། གལ་ཏེ་སྒྲིག་ཆས་ནས་ཆུ་འཛག་པ་དང་སྐད་མི་འདྲ་བ་བརྒྱབ་ཚེ་འཕྲལ་མར་ཆུ་འདྲེན་སྟེམ་སྒོ་རྒྱག་དགོས་པ་དང་། ཁྱིམ་དུ་ཡུན་རིང་སྡོད་མཁན་མེད་ཚེ་གྱང་ཐབ་དྲོད་ཚད་དམའ་བའི་གྲང་འགོག་རྣམ་པར་འཇོག་དགོས།
འབྲེལ་ཡོད་གསར་འགྱུར།