དབུ་ཤོག
  • བོད་ཀྱི་ས་ཆ་འདི་དག་ལ་གངས་ཆེན་པོ་འབབ་རྒྱུ་རེད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-11-16

    ཟླ་11ཚེས་15ཉིན། རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་མ་འོངས་ཉིན་བཅུའི་རིང་གི་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན་ཟླ་11ཚེས་15ནས་17ཉིན་བར། ཉིང་ཁྲི་དང་། ཆབ་མདོ། ནག་ཆུའི་ཤར་རྒྱུད་བཅས་ལ་གངས(ཆར་པ)ཆུང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་ནས་ཆེ་བ་འབབ་རྒྱུ། ཚེས་18ཉིན་གྱི་རྗེས། ས་ཆ་མང་ཆེ་བར་སྤྲིན་པ་ཉུང་བ་ནས་མང་བ་འཁོར་བའི་གནམ་གཤིས་སྟོན་རྒྱུ། ཚེས་16དང་17ཉིན་དང་ཚེས་23དང་24ཉིན་རང་ལྗོངས་སུ་ནུབ་ནས་ཤར་དུ་དྲོད་ཚད་ཆེ་ཙམ་ཆག་རྒྱུ། ནག་ཆུ་དང་། མངའ་རིས་ཀྱི་ས་ཆ་མང་ཆེ་བ། གཞིས་རྩེའི་ལྷོ་རྒྱུད་དང་ནུབ་རྒྱུད། ལྷོ་ཁའི་ལྷོ་རྒྱུད། ཆབ་མདོའི་བྱང་རྒྱུད་བཅས་ཀྱི་ས་ཆ་ཁག་གཅིག་ལ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ་རེད།

    གནམ་གཤིས་སྟོན་ཚུལ་གཙོ་བོ།   

    ཟླ་11ཚེས་18ནས་21ཉིན་བར། ཉིང་ཁྲིའི་ལྷོ་རྒྱུད་དང་ལྷོ་ཁའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གནམ་འཐིབས་ནས་ཁ་ཐོར་རང་བཞིན་གྱི་གངས་སིམ་སིམ་(ཆར་པ)འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་གནམ་དྭངས་བ་ནས་སྤྲིན་པ་ཉུང་ཙམ་འཁོར་རྒྱུ་རེད།

    ཟླ་11ཚེས་22ནས་24ཉིན་བར། ཉིང་ཁྲི་དང་། ཆབ་མདོའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གནམ་འཐིབས་ནས་གངས་སིམ་སིམ་(ཆར་པ)སམ་ཡང་ན་གངས་མ་ཆར་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བ་འཁོར་རྒྱུ། ལྗོངས་ཡོངས་སུ་ནུབ་ནས་ཤར་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།