ཀླུ་ནང་གྲོང་རྡལ་གྱི་མཛེས་ལྗོངས།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་གྱིས་ས་མཐོའི་འདམ་ར་དང་། ནགས་མཚོ་སྤང་གསུམ་གྱི་སྐྱེ་ཁམས་ཀྱི་ཐོན་ཁུངས་སྤུས་ལེགས་ལ་བརྟེན་ནས་གདོད་མའི་རང་བྱུང་གི་རྣམ་པ་དང་བོད་ལུགས་སྲོལ་རྒྱུན་གྱི་བཟོ་བཀོད་སྲུང་སྐྱོང་ཡག་པོ་བྱས་པའི་རྨང་གཞིའི་ཐོག ཡུལ་སྐོར་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས།

དབྱར་དུས་ཀྱི་མཛེས་ལྗོངས་ལྟ་ན་སྡུག་པ།

ལྷ་སའི་སྙེ་མོ་ལུང་གཞུང་དུ་སྐྱོད་སྐབས་མུ་ལ་མུ་ཁྱུད་ཀྱི་ནས་དང་པད་ཁའི་མེ་ཏོག་གཅིག་ལ་གཅིག་བརྒྱན་དང་། ནགས་ས་དང་རྫིང་བུ་གཅིག་ལ་གཅིག་འདྲེས། གནའ་ཉམས་བབ་ཆགས་ཀྱི་གྲོང་གསེབ་དང་ཞིང་ནང་མཛེས་ལྗོངས་མཉམ་འདྲེས་བཅས་བྱུང་ནས་དབྱར་དུས་ཀྱི་ས་མཐོའི་ཐུན་མིན་གྱི་མཛེས་ཉམས་ཤིག་མངོན་ཞིང་།

གནམ་མཐའི་ཕ་ཡུལ། མཛེས་པའི་མལ་གྲོ།

དབྱར་གཞུང་དུ“གནམ་མཐའི་ཕ་ཡུལ”ཞེས་སུ་གྲགས་པའི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་མུའུ་ཁྲི་3ལྷག་ཙམ་ཟིན་པའི་པད་ཁའི་མེ་ཏོག་རབ་ཏུ་བཞད་ནས་ལུང་གཞུང་དུ་མུ་མཐའ་མེད་པའི་གསེར་མདོག་ཅན་གྱི་མཛེས་ལྗོངས་ཤིག་གྲུབ་ཡོད། ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་གིས་ཞིང་ལས་ཡུལ་སྐོར་མཉམ་འདྲེས་འཕེལ་

ལོ་ལེགས་རྟེན་འབྲེལ་བཟང་། འོང་སྐོར་དགའ་གཏོང་བྱེད།

ཟླ་7ཚེས་24ཉིན། རང་ལྗོངས་ཀྱི་ས་ཁུལ་ཁག་གིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་འོང་སྐོར་དགའ་གཏོང་བྱས་པ་རེད། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དང་ཕོ་བྲང་ཤང་སྒེར་ལྷ་གྲོང་ཚོའི་མང་ཚོགས་ཀྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པ་དང་། མདུང་དར་ཁྱེར་བ། ལག་ཏུ་ལོ་ལེགས་མཚོན་པའི་སྙེ་མའི་ཆུན་པོ་ཁྱེར་ནས་ཞིང་ཁར་སྐོར་བ་བརྒྱབ་སྟེ། ཆར་ཆུ་དུས་སུ་འབབ་པ་དང་ཞིང་ལ་ལོ་ལེགས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས་པ་དང་། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུའང་འོང་སྐོར་རྟ་རྒྱུག་འགྲན་བསྡུར་བྱས་པ་རེད།

བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣      བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།

སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩