དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ལོ་ལེགས་རྟེན་འབྲེལ་བཟང་། འོང་སྐོར་དགའ་གཏོང་བྱེད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-27


    འདི་ནི་གཟབ་མཆོར་སྤྲས་པའི་སོ་ནམ་པས་བོད་ཀྱི་མཁར་ལ་སྔ་བ་ཡུམ་བུ་བརླ་མཁར་གྱི་འདབས་སུ་འོང་ཁ་སྐོར་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་འདམ་བཅད་གྲོང་ཚོར་རྟ་པས་རྟ་རྩལ་ངོམ་བཞིན་པ།

    འདི་ནི་ཕོ་བྲང་ཤང་སྒེར་ལྷ་གྲོང་ཚོའི་ཡུལ་མི་བདེ་གཡང(གཡོན)གིས་གཟབ་མཆོར་སྤྲས་ནས་འོང་སྐོར་གྱི་མཛད་སྒོར་ཞུགས་པའི་གྲ་སྒྲིག་བྱེད་བཞིན་པ།

    ཟླ་7ཚེས་24ཉིན། རང་ལྗོངས་ཀྱི་ས་ཁུལ་ཁག་གིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་འོང་སྐོར་དགའ་གཏོང་བྱས་པ་རེད། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དང་ཕོ་བྲང་ཤང་སྒེར་ལྷ་གྲོང་ཚོའི་མང་ཚོགས་ཀྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པ་དང་། མདུང་དར་ཁྱེར་བ། ལག་ཏུ་ལོ་ལེགས་མཚོན་པའི་སྙེ་མའི་ཆུན་པོ་ཁྱེར་ནས་ཞིང་ཁར་སྐོར་བ་བརྒྱབ་སྟེ། ཆར་ཆུ་དུས་སུ་འབབ་པ་དང་ཞིང་ལ་ལོ་ལེགས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས་པ་དང་། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུའང་འོང་སྐོར་རྟ་རྒྱུག་འགྲན་བསྡུར་བྱས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།