བོད་རང་སྐྱོང་ལྗོངས་ཀྱི་ས་ཡོམ་གྱི་འཕྲལ་སྡོམ་རིམ་པ་དང་པོ་མཚམས་འཇོག་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུའི་གཏན་འབེབས།
2025ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ལ། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པར། རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུས་ས་ཡོམ་གྱི་གནས་ཚུལ་དང་གནོད་འཚེའི་གནས་ཚུལ་ལ་གཞིགས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་ས་ཡོམ་གྱི་འཕྲལ་སྡོམ་རིམ་པ་དང་པོ་བྱེད་འགོ་བཙུགས་ནས་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་གྱི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་ཡོད།
ས་ཡོམ་བརྒྱབ་པའི་ཚུན་དུ་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། གེགས་ཁུལ་གྱི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱུང་ཡོད། དེས་ན《བོད་རང་སྐྱོང་ལྗོངས་ཀྱི་ས་ཡོམ་འཕྲལ་སྡོམ་སྔོན་ཇུས》ནང་གི་འཕྲལ་སྡོམ་བྱེད་མཚམས་འཇོག་པའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ལྟར། རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུས་2025ལོའི་ཟླ་1ཚེས་18ཉིན་གྱི་ཆུ་ཚོད་24ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱི་ས་ཡོམ་གྱི་འཕྲལ་སྡོམ་རིམ་པ་དང་པོ་བྱེད་མཚམས་བཞག་ནས་ལས་དོན་ཁག་བཀོད་སྒྲིག་རོགས་སྐྱོབ་དང་སླར་གསོ་བསྐྱར་སྐྲུན་དུ་བསྒྱུར་རྒྱུའི་གཏན་འབེབས་བྱས་ཡོད།
བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུའུ།
2025ལོའི་ཟླ་1ཚེས་18ཉིན།