དབུ་ཤོག>ཆེད་སྒྲིག>བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ།>གསར་འགྱུར་ནང་དོན།
  • ཛ་དྲག་རོགས་སྐྱོབ་ལས“མ་བུ་བདེ་འཇགས”བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཉི་དབྱི།   |     སྤེལ་དུས།  2025-01-14

    “ཨེམ་རྗེ་དབྱང་ལགས། མཐོང་ལས་གྲོང་ཚོར་སྦྲུམ་མ་ཞིག་ལ་ཕྲུ་གུ་སྐྱེ་གྲབས་འདུག” ཟླ་1ཚེས་9ཉིན་གྱི་ཆུ་ཚོད་17ལ། དིང་རི་རྫོང་གྲམ་སོ་ཤང་དུ་སྐོར་གཡེང་སྨན་བཅོས་བྱེད་བཞིན་པའི་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་སྨན་བཅོས་རུ་ཁག་ལ་རོགས་སྐྱོབ་རེ་ཞུ་ཞིག་འབྱོར་བས་དམག་ཁོངས་སྨན་པ་དབྱང་ཧྥན་དང་ཡུས་ཧྲུའུ་རུང་དེ་མུར་མཐོང་ལས་གྲོང་ཚོར་བསྐྱོད།

    སྦྲུམ་མའི་མིང་ལ་ཚེ་རིང་སྒྲོལ་དཀར་ཟེར་ཞིང་། སྔོན་དཔག་གི་བཙའ་དུས་ནི་ཉེ་དུས་ཡིན་པས། དམག་ཁོངས་སྨན་པ་ཚོ་འབྱོར་སྐབས་ཁོ་མོར་སྐྱེ་ཟུག་དྲག་པོ་གཏོང་གི་ཡོད། བརྟག་དཔྱད་བྱས་པ་བརྒྱུད་ཕྲུ་གུ་བཙའ་བའི་རྟགས་མཚན་མངོན་གསལ་དོད་པོ་ཡོད་ལ། འགྲམ་དུ་ཡོད་པའི་བོད་རིགས་ཨ་མ་ལགས་སེམས་འཚབ་ནས་ངུ་བཞིན་ཡོད།

    “སེམས་ཁྲལ་གནང་མི་དགོས། ཕྲུ་གུ་བདེ་ཐང་ངང་སྐྱེ་ཐུབ་ཀྱི་རེད”ཅེས་དབྱང་ཧྥན་གྱིས་སེམས་གསོ་གཏོང་ཞོར་དུ་སྨན་དོན་མི་སྣར་མྱུར་སྐྱོབ་རླངས་འཁོར་གྲ་སྒྲིག་བྱ་རྒྱུའི་བཀོད་སྒྲིག་བྱས་པ་དང་། ཁོང་གིས། སྦྲུམ་མ་ལོ་40ལ་སླེབས་ཉེར་ཡོད་པས་བདེ་འཇགས་འགན་ལེན་བྱ་ཆེད། ངེས་པར་དུ་ཆ་རྐྱེན་དེ་བས་ལེགས་པའི་སར་བསྐྱོད་ནས་ཕྲུ་གུ་བཙའ་དགོས་ཞེས་བཤད།

    འབྲེལ་ཡོད་ཕྱོགས་ཀྱིས་བྱ་སྤྱོད་མགྱོགས་མྱུར་སྤེལ་ཞིང་། གནས་ཚུལ་ཤེས་རྟོགས་བྱུང་རྗེས། དིང་རི་རྫོང་མི་དམངས་སྨན་ཁང་དུ་མཐུན་སྦྱོར་ལས་དོན་གྱི་འགན་འཁུར་མཁན་ལས་རོགས་ཞེ་པིན་གྱིས་སྨན་ཁང་ཕྱོགས་དང་འཕྲལ་མར་འབྲེལ་གཏུག་བྱས་ནས་གྲ་སྒྲིག་བྱ་རྒྱུའི་བཀོད་སྒྲིག་བྱས།

    མྱུར་སྐྱོབ་རླངས་འཁོར་མགྱོགས་མྱུར་བསྐྱོད་ཅིང་། ཆུ་ཚོད་18དང་སྐར་མ་40ལ་ཚེ་རིང་སྒྲོལ་དཀར་དིང་རི་རྫོང་མི་དམངས་སྨན་ཁང་དུ་བསྐྱལ་ནས་ཆུ་ཚོད་21ལ་ཕྲུ་གུ་བུ་མོ་ཞིག་བཙས། “སྟབས་ལེགས་པ་ཞིག་ལ་དུས་ཐོག་ཏུ་སྨན་ཁང་ལ་བསྐྱལ་བ་རེད། གལ་ཏེ་དེ་ལྟར་མ་བྱས་ན་ངོ་མ་ཉེན་ཁ་ཆེན་པོ་ཡོད”ཅེས་སྐྱེ་གཡོག་སྨན་པས་བཤད།

    “མ་བུ་གཉིས་ཀ་བདེ་འཇགས་རེད་འདུག”ཅེས་ཕྲུ་གུའི་ངུ་སྐད་ཐོས་རྗེས་ཚེ་རིང་སྒྲོལ་དཀར་གྱི་བཟའ་ཟླ་གུ་རུས་དགའ་ངུ་ཤོར་བཞིན་དུ་བཤད་པ་དང་། ཁོང་གིས“དམག་དཔུང་གིས་ད་དུང་མི་མངགས་ནས་མ་བུའི་མཁོ་ཆས་ཆ་ཚང་དང་འོ་རྩམ་བསྐྱལ་བྱུང་བས། ཏང་དང་བཅིངས་འགྲོལ་དམག་མིར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།