དབུ་ཤོག>ཆེད་སྒྲིག>བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ།>གསར་འགྱུར་ནང་དོན།
  • འགག་རྩའི་དུས་མཚམས་ལ་གཞི་ཚུགས་ནས་རོགས་སྐྱོབ་མཇུག་མཐུད་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་དགོས།

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱིས་ཡོམ་འགོག་གེགས་སེལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཧུར་ཐག་ལེན་པའི་རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཧུར་སེམས་ལ་སྐུལ་ལྕག་ཐེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-14

    ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་བོད་ལྗོངས་དིང་རིའི་ཡོམ་འགོག་གེགས་སེལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། གོ་བ་གཏིང་ཟབ་ལེན་པ། ལག་བསྟར་དོན་འཁྱོལ་ནན་ཏན་བཅས་བྱས་ཐོག་རྒྱལ་ཁ་ཐོབ་ངེས་ཀྱི་གདེང་ཚོད་བརྟན་གཏོང་དང་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་ཡོམ་འགོག་གེགས་སེལ་གྱི་དམག་འཐབ་དྲག་པོ་འདིར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་བཞིན་ཡོད། ལྷག་པར་དུ་ས་ཡོམ་རྒྱག་ཁུལ་གྱི་འཐབ་ས་དང་པོར་ས་གནས་དེ་གའི་ལས་བྱེད་མང་ཚོགས་དང་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་མཐུན་སྦྱོར་གཞོགས་འདེགས་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་བཏོན་ནས་ཉིན་མཚན་བསྟུད་མར་འབད་འཐབ་བྱེད་བཞིན་ཡོད་པ་རེད། ཚང་མས། ཡོམ་འགོག་གེཌ་སེལ་ལས་དོན་གྱི་འགག་རྩའི་དུས་མཚམས་སུ། ལས་དོན་སྔར་བས་ཞིབ་ཚགས་དང་ཏན་ཏིག་བསྒྲུབ་རྒྱུ་མ་ཟད། རོགས་སྐྱོབ་མཇུག་མཐུད་ལས་དོན་མུ་མཐུད་བསྒྲུབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་གནད་འཁེལ་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་ཏང་ཨུད་ཀྱི་ཨུ་ཡོན་དང་ཐིང་ཀྲང་གཞོན་པ་ཀྲའོ་ཀྲི་ཅུན་གྱིས། ལྗོངས་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱིས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་འགན་འཁྲི་སྔར་བས་ཏན་ཏིག་དང་ལས་དོན་སྔར་བས་ཞིབ་ཚགས་བསྒྲུབས་ཏེ་ཚན་རིག་དང་མཐུན་པ་དང་། བརྒྱུད་རིམ་ལྡན་པ། སྤུས་ཚད་ལེགས་པ། ཚད་གཞི་མཐོ་བ་བཅས་ཀྱི་སྒོ་ནས་རྗེས་མཐུད་ཀྱི་བཀོད་སྒྲིག་རོགས་སྐྱོབ་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་ནུས་ཤུགས་ཡོད་རྒུས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱེད་ཀྱི་ཡིན། དེ་དང་ཆབས་ཅིག མངོན་མེད་རྐྱེན་ངན་གྲལ་བཤེར་དང་ས་ཡོམ་གནོད་འཚེ་ཚོད་སྐོར་ཧུར་ཐག་བྱས་ཏེ་གོམ་སྟབས་རྗེས་མའི་སླར་གསོ་བསྐྱར་སྐྲུན་ལ་རྨང་གཞི་འདིང་རྒྱུ་ཡིན་ཞེས་བཤད་པ་རེད།

    ས་ཡོམ་བརྒྱབ་རྗེས། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་འཕྲལ་མ་ཉིད་དུ་དམིགས་བསལ་ལས་རྣམ་རྒྱུན་འཁྱོངས་བྱས་ནས་ཡོམ་འགོག་གེགས་སེལ་གྱི་གནམ་གཤིས་ཐད་ཀྱི་འགན་ལེན་ཞབས་ཞུའི་ལས་དོན་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཤང་ཡུས་དབྱི་ཡིས། གོམ་སྟབས་རྗེས་མར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་གེགས་ཁུལ་གྱི་འཐབ་ས་དང་པོའི་འགན་ལེན་དང་དགོས་མཁོ་དང་སྦྲེལ་མཐུད་གཏིང་ཟབ་བྱེད་པ་དང་། ལས་དོན་ཆེད་གཉེར་ཚན་ཁག་བཀོད་སྒྲིག་ལེགས་སུ་གཏོང་བ། ལས་དོན་ཕན་ཚུན་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཐོག་གནམ་གཤིས་སྲུང་སྐར་དང་གནམ་གཤིས་ལེ་ཏ་སོགས་དེང་རབས་ཅན་གྱི་ལྟ་དཔྱད་ཚད་ལེན་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་ཏེ། གེགས་ཁུལ་གྱི་གནམ་གཤིས་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བརྡར་གཅོད་ལ་ཤུགས་སྣོན་རྒྱག་གི་ཡིན་ཞེས་བཤད་པ་རེད།

    དགུན་ཨ་རང་ད་རང་ལ་དིང་རི་རྫོང་གི་མཚན་མོའི་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་གྲངས་ཟིན་གྱི་ཡོད་པས། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གྲང་འགོག་དྲོད་སྲུང་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་མིག་སྔའི་འགྲན་སློང་ཞིག་ཏུ་གྱུར་ཡོད། དེར་བརྟེན། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཕྱི་ཕྱོགས་སྤེལ་རེས་ཁྲུའི་རིམ་པ་བཞི་པའི་བརྟག་ཞིབ་པ་དང་དིང་རི་རྫོང་གྲམ་མཚོ་ཤང་མཐོང་ལས་གྲོང་ཚོའི་ཧྲུའུ་ཅི་དང་པོ་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཨན་ཀྲེང་ཧྥ་ཡིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་གསུང་བཤད་གལ་ཆེན་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གེགས་ཁུལ་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་གང་ལེགས་མཚོན་ཡོད་པས། ང་ཚོ་འཐབ་ས་དང་པོའི་ལས་དོན་མི་སྣར་སྐུལ་མ་ཆེན་པོ་ཐེབས་བྱུང་ལ། ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་པའི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་སོང་། ང་ཚོས་མང་ཚོགས་བཀོད་སྒྲིག་རོགས་སྐྱོབ་དང་། རིམས་ནད་སྔོན་འགོག་ཚོད་འཛིན། འཚོ་བའི་དངོས་ཟོག་བཀོད་སྒྲིག་བཅས་དང་དེ་བཞིན་ཞིག་རོའི་འོག་ལུས་པའི་རྒྱུ་དངོས་གཙང་བཤེར་སོགས་ལས་དོན་ཁག་མུ་མཐུད་ཡག་པོ་བསྒྲུབས་ནས། གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།

    ཉིན་ཤས་བསྟུད་མར། སྤྱི་ཚོགས་ལས་རིགས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་དངུལ་དང་དངོས་ཟོག་ཞལ་འདེབས་བརྒྱབ་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་གེགས་ཁུལ་མང་ཚོགས་དང་སེམས་མཐུན་ལག་གདང་སྦྲེལ་ནས་དུས་ངལ་མཉམ་སེལ་གྱི་མཛའ་བརྩེ་ཟབ་མོ་མཚོན་པར་བྱས་ཡོད། “ས་ཡོམ་བརྒྱབ་རྗེས། ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་། རིམ་ཁག་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་བྱ་སྤྱོད་འཕྲལ་མར་སྤེལ་ཏེ་འཕྲལ་སྡོམ་གེགས་སེལ་དངོས་ཟོག་བསྐྱལ་ནས་གནོད་འཚེ་ཕོག་ཁུལ་ལ་རོགས་སྐྱོར་བྱས་ཡོད” ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག གཙོ་གནད་ས་ཁུལ་གྱི་ཁང་པ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཡོམ་འགོག་ནུས་པ་དང་ས་ཡོམ་གྱི་གནོད་འཚེར་ཁ་གཏད་གཅོག་པའི་ནུས་པ་སྔར་བས་ཆེ་རུ་བཏང་ནས། འཕྲལ་སྡོམ་གྱི་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་སོང་ཞེས་ནག་ཆུ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དངོས་ཟོག་གྲབས་གསོག་མཛོད་ཀྱི་ཀྲུའུ་རེན་ཡེ་ཁྲེང་ཧུའུ་ཡིས་བཤད།

    མངའ་རིས་ས་ཁུལ་རྩྭ་མདའ་རྫོང་འཕེལ་རྒྱས་སྒྱུར་བཅོས་དང་དཔལ་འབྱོར་ཆ་འཕྲིན་ཚོང་དོན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་བསོད་ནམས་དར་རྒྱས་ཀྱིས“ཕྱོགས་གཅིག་ལ་དཀའ་ངལ་འཕྲད་དུས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་རམ་བྱེད་དགོས། ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཚང་མས་ཕྱོགས་གཅིག་ལ་བསམ་བློ་གཏོང་བ་དང་ཕྱོགས་གཅིག་ལ་ཤུགས་བརྒྱབ་ཚེ་སྔར་བས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་རེད་ལ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བའང་སྐྱེལ་ཐུབ་ངེས་རེད”ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།