དབུ་ཤོག>ཆེད་སྒྲིག>བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ།>གསར་འགྱུར་ནང་དོན།
  • འགན་བཅོལ་ཀུང་སིས་བོད་ཀྱི་གེགས་ཁུལ་ལ་གུན་གསབ་དང་སྔོན་ཚུད་གུན་གསབ་སྤྲོད་ཚད་དངུལ་འབོར་སྒོར་ཁྲི་3616ཟིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-01-14

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་12ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལས་མངོན་པར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས། མིག་སྔར་གེགས་ཁུལ་གྱི་དངུལ་རྩའི་ཞབས་ཞུ་གོ་རིམ་ལྡན་པའི་ངང་སླར་གསོ་བྱུང་ཞིང་། དིང་རི་རྫོང་དང་ཉེ་འཁོར་གྱི་གནོད་འཚེ་ཚབས་ཆེན་ཕོག་པའི་རྫོང་4རུ་ཡོད་པའི་ཞིང་ལས་དངུལ་ཁང་གི་དྲ་ཚིགས་33ཚང་མ་ལས་གཉེར་སླར་གསོ་ཐུབ་པ་དང་། མི་དམངས་རྒྱུ་ནོར་འགན་བཅོལ་དང་ཇོ་མོ་གླང་མ་རྒྱུ་ནོར་འགན་བཅོལ་སོགས་འགན་བཅོལ་ཀུང་སིས་གུན་གསབ་དང་སྔོན་ཚུད་གུན་གསབ་སྤྲོད་ཚད་དངུལ་འབོར་སྒོར་ཁྲི་3616ཟིན་ཡོད་པ་རེད།

    དེའི་ནང་རྐྱེན་ལམ་དུ་ཤོར་བའི་མི་སྣ་དང་འབྲེལ་བ་ཡོད་པའི་བསམ་ཡུལ་ལས་འདས་པའི་འགན་བཅོལ་ཚང་མར་གུན་གསབ་གྲངས་ཚང་སྤྲད་པ་དང་གུན་གསབ་སྤྲོད་ཚད་དངུལ་གྲངས་སྒོར་ཁྲི་1386ཟིན་པ་དང་། རླངས་འཁོར་འགན་བཅོལ་ཐད་ཀྱི་གྱོད་དོན་སྙན་སེང་46འབྱོར་བའི་ནང་གྱོད་དོན་40ལ་གུན་གསབ་སྤྲད་པ་དང་གུན་གསབ་སྤྲོད་ཚད་དངུལ་གྲངས་སྒོར་ཁྲི་65ཟིན་པ། ཞིང་ཁང་འགན་བཅོལ་ཐད་སྔོན་ལ་གུན་གསབ་སྤྲོད་ཚད་སྒོར་ཁྲི་2000ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།