“བར་སྣང་གི་ཚེ་སྲོག་རོགས་སྐྱོབ་ལམ་ཐིག”བཏོད་པ།
ཉེ་ཆར་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས་མྱུར་དུ་འཕྲལ་སྡོམ་དང་ལེན་བྱས་པ་དང་། རྩོལ་ཕྱོད་མཐོ་བའི་Mi-171འཕྲལ་སྡོམ་རོགས་སྐྱོབ་ཐད་འཕུར་གནམ་གྲུ་ཞིག་འཕྲལ་དུ་བཀོད་སྒྲིག་བྱས་ཏེ། གཞིས་རྩེ་བསམ་གྲུབ་རྩེ་ཆུས་སུ་བསྐྱོད་ནས་འཐབ་ས་དང་པོའི་བཀོད་འདོམས་པུའུ་ཡི་སྨན་བཅོས་སྐྱོབ་བཅོས་ཚོགས་ཆུང་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་ཀྱིས་རྨས་མ་སྐྱེལ་འདྲེན་གྱི་ལས་འགན་བསྒྲུབས་པ་རེད། ཟླ་1ཚེས་10ཉིན་གྱི་ཆུ་ཚོད་16དང་སྐར་མ་03ཙམ་ལ་ཐད་འཕུར་གནམ་གྲུས་གཞིས་རྩེའི་དིང་རི་རྫོང་གི་ས་ཡོམ་ནང་རྨས་སྐྱོན་ཚབས་ཆེན་ཕོག་པའི་ལོ་5ལ་སླེབས་པའི་བུ་མོ་ཞིག་ལྷ་ས་གོང་དཀར་གནམ་ཐང་དུ་བདེ་བླག་ངང་བསྐྱལ་བ་རེད། འདི་ནི་འཕྲལ་སྡོམ་རོགས་སྐྱོབ་ཐད་འཕུར་གནམ་གྲུས་རྨས་མ་སྐྱེལ་འདྲེན་གྱི་ལས་འགན་སྒྲུབ་བཞིན་པ།