དབུ་ཤོག>ཆེད་སྒྲིག>ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ།
  • བུ་མོར་མངལ་འཁོར་བའི་ལོ་ཚད་ལ་ཁྱད་པར་ཡོད་དམ་མེད། ལན་འདིར་ཡོད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-07-11

    ལོ་25ལ་ཕྲུ་གུ་འཁོར་ན་ཡག་གམ། ཡང་ན་35ལ་འཁོར་ན་ཡག་གམ། ངའི་བསམ་པར་ཁྱད་པར་ཆེན་པོ་ཡོད་མོད། ཡིན་ནའང་། སོ་སོར་དགེ་སྐྱོན་གཉིས་ཀ་ལྡན་ཞིང་། སྤྱིར་ན། ལོ་ཆུང་དུས་ཕྲུ་གུ་འཁོར་ན་ཉེན་ཁ་ཅུང་ཆུང་།

    微信图片_20220711133139.jpg

    ད་འོ་ན། ལོ་25དང་35ལ་ཕྲུ་གུ་འཁོར་ཚེ་སོ་སོར་ཁྱད་པར་གང་ཡོད་དམ་ཞེ་ན། 

    1. ལོ་25སླེབས་པའི་བུ་མོར་གཟུགས་པོ་འཁོར་བདེ་ཞིང་། ལོ་35ལ་བལྟོས་བཅས་ཀྱིས་ཁག་ཙམ་ཡོད། གང་ལགས་ཤེ་ན། ལོ་ཆེ་རུ་སོང་བ་དང་བསྟུན་ནས་བུ་མོའི་ཁམས་དམར་སྐྱོ་རུ་འགྲོ་བར་བརྟེན། གཟུགས་པོ་འཁོར་ཁག་ཏུ་འགྲོ་གི་ཡོད།

    2. ལོ་25ལ་སླེབས་པའི་སྦྲུམ་མ་དང་བསྡུར་ན་ལོ་35ལ་སླེབས་པའི་སྦྲུམ་མར་ཕྲུ་གུ་བཙའ་སྐབས་དེ་མཚུངས་ཀྱི་ཉེན་ཁ་ཆེ་བ་ཡོད། དཔེར་ན། ཕྲུ་གུ་ཡ་མ་གཟུགས་སྐྱེ་བ་དང་། སྦྲུམ་མར་སྲོག་ཉེན་ཡོད་པ། ཕྲུ་གུ་ཁོག་པའི་ནང་དུ་ཤི་བ། སྦྲུམ་མ་དང་ཕྲུ་གུ་གཉིས་ཀའི་སྲོག་ལ་ཉེན་ཁ་འཕྲད་སྲིད་པ་ལ་སོགས་པའི་གནས་ཚུལ་ཐོན་ཉེན་ཡོད།

    3. ལོ་25ལ་ཕྲུ་གུ་འཁོར་ན་35ལས་གཟུགས་པོ་གསོ་སླ་བ་མ་ཟད། རྒྱགས་པའང་ཆགས་སླ་པོ་མེད། ལོ་35ལ་ཕྲུ་གུ་འཁོར་ན་ལྟ་སྐྱོང་བྱེད་སྐབས་སེམས་ནུས་མི་འདང་བའི་གནས་ཚུལ་ཐོན་གྱི་ཡོད། 

    微信图片_20220711133147.jpg

    4. གོང་གི་ཆ་རྐྱེན་གསུམ་པོ་ལོ་25སླེབས་པའི་སྦྲུམ་མའི་ལེགས་ཆ་ཤ་སྟག་རེད། འོན་ཏེ་ལོ་35ལ་ཕྲུ་གུ་འཁོར་ན་ཕ་མའི་དཔལ་འབྱོར་རྨང་གཞི་ཡག་པས། ཕྲུ་གུར་དེ་མཚུངས་ཀྱི་ལྟོ་གོས་འཛོམས་པའི་ཁོར་ཡུག་ཅིག་སྐྲུན་ཐུབ་ཀྱི་ཡོད། དེས་ན། གལ་ཏེ་དཔལ་འབྱོར་ཆ་རྐྱེན་ཞན་ཙམ་ཡོད་ཚེ། ཕྲུ་གུ་ཕྱི་ཙམ་སྐྱེས་ན་རང་ལ་དཀའ་ངལ་ཡང་ཉུང་ཙམ་འཕྲད་སྲིད། 

    མདོར་བསྡུས་ནས་བརྗོད་ན། ལོ་35ལ་སླེབས་སྐབས་དཔལ་འབྱོར་ཆ་རྐྱེན་ཅུང་ཡག་རུང་། ལོ་25དང་བསྡུར་ན་གཟུགས་པོ་འཁོར་ཁག་པོ་དང་། གསོ་དཀའ་བ། སྲོག་ལ་ཉེན་ཁ་ཆེ་བ་སོགས་ཀྱི་གནད་དོན་མི་ཉུང་བ་འཕྲད་སྲིད་པས། ཕྲུ་གུ་སྔ་ཙམ་སྐྱེས་ན་ཕྲུ་གུ་དང་ཨ་མ་གཉིས་ཀར་ཕན་ཐོགས་ཆེན་པོ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།