དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • 《ཀྲུང་ཧྭ་གསོ་རིག་གཏེར་མཛོད་ལས་བོད་ལུགས་གསོ་རིག》བཀྲམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-29

    ཉེ་ཆར། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང(བོད་རང་སྐྱོང་ལྗོངས་སྨན་རྩིས་ཞིབ་འཇུག་ཁང)དང་། ལྷོ་ནུབ་མི་རིགས་སློབ་ཆེན། མཚོ་སྔོན་བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་ཁང་བཅས་ཀྱིས་རྩོམ་སྒྲིག་བྱས་པའི《ཀྲུང་ཧྭའི་གསོ་རིག་གཏེར་མཛོད་ལས་བོད་ལུགས་གསོ་རིག》པེ་ཅིང་དུ་བཀྲམ་པ་རེད། 《ཀྲུང་ཧྭའི་གསོ་རིག་གཏེར་མཛོད》ཀྱི་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་ཁག་བཞི་པ་ཡིན་པའི་དེབ་འདི་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་གསོ་རིག་གནའ་དཔེ་ལེགས་སྒྲིག་དང་སྲུང་སྐྱོབ་ཀྱི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་བརྩམས་ཆོས་ཤིག་ཡིན་པ་དང་། དེས་བོད་ཀྱི་གསོ་བ་རིག་པའི་ཉིང་བཅུད་རྒྱུན་འཛིན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ངོས་ནས་བརྗོད་ན་དོན་སྙིང་ཟབ་མོ་ལྡན་ཡོད་པ་རེད།

    གནད་བསྡུས་འདིར་རྩ་ཆེ་ལ་སྟོངས་ལ་ཉེ་བའི་བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཁག་94བསྡུས་ཡོད་པ་དང་། དེའི་ནང་དོན་ལ་རྒྱལ་རབས་རིམ་བྱུང་གི་བོད་ཀྱི་གསོ་བ་རིག་པའི་བརྩམས་ཆོས་རྩེ་གྲ་དང་། ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་། སྨན་འདུལ་བའི་རྩལ་ནུས་སོགས་རྩ་ཆེའི་ཚད་ལྡན་ཡིག་ཆ་བཏུས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།