དབུ་ཤོག>བོད་ལུགས་གསོ་རིག
  • བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་སློབ་ཚོགས་ལ་རྒྱལ་ཡོངས་ཚོགས་པའི་ཚད་ལྡན་ཆ་འཕྲིན་ལས་སྟེགས་ཀྱི་ཁྱབ་བསྒྲགས་བྱེད་དབང་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-26

    ཉེ་ཆར། བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་སློབ་ཚོགས་ལ་རྒྱལ་ཡོངས་ཚོགས་པའི་ཚད་ལྡན་ཆ་འཕྲིན་ལས་སྟེགས་ཀྱི་ཁྱབ་བསྒྲགས་བྱེད་དབང་དངོས་སུ་ཐོབ་ནས། ལས་སྟེགས་དེའི་ཐོག་བོད་ལུགས་གསོ་རིག་གི་འབྲེལ་ཡོད་ཚོགས་པའི་ཚད་གཞི་ཡོངས་བསྒྲགས་བྱེད་པའི་ཁྲིམས་མཐུན་བྱེད་པོར་གྱུར་ཡོད། རང་ལྗོངས་ཀྱི་བོད་ལུགས་གསོ་རིག་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཚད་བརྒལ་གལ་ཆེན་བྱུང་བ་དེ་ཐོག་ནས་བོད་ལུགས་གསོ་རིག་གི་ཚོགས་པའི་ཚད་གཞི་དེ་རྒྱལ་ཡོངས་ཀྱིས་གཅིག་གྱུར་ཐོག་ཁྱབ་བསྒྲགས་དང་། ཡོངས་བསྒྲགས་མཉམ་སྤྱོད། ཚད་ལྡན་དོ་དམ་བཅས་བྱེད་པའི་དུས་མཚམས་གསར་པར་སླེབས་པ་མཚོན་གྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལས་སྟེགས་ཀྱི་ཁྱབ་བསྒྲགས་བྱེད་དབང་ཐོབ་རྗེས་སློབ་ཚོགས་དེས་རྒྱལ་ཡོངས་ཀྱི་ལས་སྟེགས་ཐོག་བོད་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་ཚོགས་པའི་ཚད་གཞི་དང་། རྣམ་གྲངས་འཛུགས་པའི་སྤྱི་བསྒྲགས། སྒྲིག་བཟོའི་གནས་ཚུལ། ལག་བསྟར་ཆ་འཕྲིན་བཅས་ཡོངས་བསྒྲགས་བྱས་ཏེ་ཚད་ལྡན་ཆ་འཕྲིན་གྱི་དབང་གྲགས་གཅིག་སྡུད་དང་། ཁ་གསལ་ཡོངས་བསྒྲགས། འདྲི་རྩད་སྟབས་བདེ་བཅས་མངོན་འགྱུར་ཐུབ་ནས་བོད་ལུགས་གསོ་རིག་གི་ཚད་གཞིར་ཀུན་གྱིས་ཡིད་ཆེས་བྱེད་ཚད་དང་ཡིད་རྟོན་ཐོབ་ཚད་མཐོ་རུ་ནུས་ལྡན་གཏོང་ཐུབ་རྒྱུ་རེད། དེས་མ་ཚད་དབང་ཚད་དེ་ཐོབ་པ་ལས་བོད་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་ཚད་གཞི་དང་། སྨན་རྫས་ལས་སྣོན། ཁྱད་ལྡན་ལག་རྩལ། ཞབས་ཞུ་དོ་དམ་སོགས་ཁྱབ་ཁོངས་ཀྱི་ཚད་ལྡན་ཅན་གྱི་ལས་དོན་ལ་དབང་གྲགས་ལྡན་པའི་ཁྱབ་བསྒྲགས་ཐབས་ལམ་མཁོ་འདོན་ཐུབ་སྟེ། བོད་ལུགས་གསོ་རིག་གི་ཚད་གཞི་ལྗོངས་ཡོངས་དང་ཐ་ན་རྒྱལ་ཡོངས་སུ་ཁྱབ་གདལ་དང་བེད་སྤྱོད་བྱེད་པར་རམ་འདེགས་ཐུབ་རྒྱུ་དང་། བོད་ལུགས་གསོ་རིག་གི་རྒྱུན་འཛིན་གསར་གཏོད་དང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།