དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་གྱི་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ།

    གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་བོད་ལུགས་གསོ་རིག་ཞབས་ཞུའི་དྲ་རྒྱ་བཏོད་ཟིན་པ་དང་བོད་ཀྱི་གསོ་བ་རིག་པའི་ཁེ་ལས་30བཅའ་སྡོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-11

    ཉེ་ཆར། གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱི་ཀྲུང་ལུགས(བོད་ལུགས)གསོ་རིག་བྱ་གཞག་འཕེལ་རྒྱས་ལ་གཡུར་དུ་ཟ་བའི་གྲུབ་འབྲསཐོབ་ནས་སྨན་བཅོས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། བོད་ལུགས་གསོ་རིག་གི་ཐོན་ལས་སྔར་བས་རྒྱ་སྟོབས་ཆེ་རུ་ཕྱིན་པ། རྒྱུན་འཛིན་དང་གསར་གཏོད་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་པ། བོད་ལུགས་གསོ་རིག་གི་རིག་གནས་སྤེལ་རེས་བྱེད་ཤུགས་ཤུགས་ཆེར་ཕྱིན་པ་བཅས་ལས་སྤྱི་ཡོངས་ཀྱི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། མིག་སྔའི་བར། ཉིང་ཁྲི་གྲོང་ཁྱེར་དུ་གྲོང་ཁྱེར་སྨན་རྩིས་ཁང་གིས་སྣེ་ཁྲིད་དུ་བྱེད་པ་དང་། རྫོང(གྲོང་ཁྱེར་དང་ཆུས)སྨན་རྩིས་ཁང་གཙོ་བོར་བྱེད་པ། ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་བོད་སྨན་སྡེ་ཁག་རྨང་གཞིར་བྱེད་པ། གྲོང་ཚོའི་འཕྲོད་བསྟེན་ཁང་གི་བོད་སྨན་ཁང་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་བོད་ལུགས་གསོ་རིག་གི་ཞབས་ཞུའི་དྲ་རྒྱ་བཏོད་ཡོད། གྲོང་ཁྱེར་ཡོངས་སུ་ད་ཆ་གཞུང་བཙུགས་སྨན་རྩིས་ཁང་8དང་།དམངས་གཉེར་བོད་སྨན་སྡེ་ཁག་1 ཀྲུང་ལུགས(བོད་ལུགས)གསོ་རིགས་ཀྱི་ཆེད་ལས་ལག་རྩལ་པ་409ཡོད་པ་དང་། ཤང(གྲོང་རྡལ)འཕྲོད་བསྟེན་ཁང་54ཚང་མར་བོད་སྨན་སྡེ་ཁག་ཡོད་པ། གྲོང་ཚོའི་འཕྲོད་བསྟེན་ཁང་216གིས་སྟབས་བདེའི་བོད་ལུགས་གསོ་རིག་གི་ཞབས་ཞུ་སྒྲུབ་ཐུབ་ཀྱི་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲིའི་ནང་ཁོངས་ནས་སྨན་སྤྱོད་རྩི་ཤིང་རིགས་2000ལྷག་ཙམ་རྙེད་པའི་ནང་རྒྱུན་མཐོང་རིགས་700ལྷག་ཙམ་དང་སྟོངས་ཉེར་ཡོད་པའི་བོད་སྨན་སྨན་རྒྱུ་རིགས་50ལྷག་ཙམ་ཡོད་པ་དེས་ཀྲུང་ལུགས་དང་བོད་ལུཌ་གསོ་རིག་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ལ་ཕུན་སུམ་ཚོགས་པའི་ཐོན་ཁུངས་མཁོ་འདོན་བྱས་ཡོད། དམིགས་བསལ་གྱི་ས་ཁམས་ཁོར་ཡུག་དང་གནམ་གཤིས་ཆ་རྐྱེན་ལ་བརྟེན་ནས་ཉིང་ཁྲི་གྲོང་ཁྱེར་གྱིས་བོད་ལུགས་གསོ་རིག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང“ཁེ་ལས་དང་། མཉམ་ལས་ཁང་། ཞིང་དུད་བཅས་བཟུང་དུ་འབྲེལ་བ”སོགས་ཀྱི་འདེབས་འཛུགས་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། བོད་སྨན་སྨན་རྒྱུ་སྣ་ཚོགས་མི་ཐབས་ལ་བརྟེན་ནས་འདེབས་གསོ་ཐུབ་པ་བྱུང་ཡོད། མིག་སྔར། ཉིང་ཁྲི་གྲོང་ཁྱེར་གྱི་ཀྲུང་ལུགས(བོད་ལུགས)སྨན་རྒྱུ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་ལས་བརྒལ་ནས་ལྗོངས་ཡོངས་ཀྱི་བོད་སྨན་སྨན་རྒྱུ་འདེབས་འཛུགས་གཙོ་བོར་བྱས་པའི་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་འབའ་ཞིག་དེ་བསྐྲུན་ཡོད། ཆེས་བྲིན་བོད་སྨན་དང་བདུད་རྩི་རྟགས་ཅན་གྱི་བོད་སྨན་སོགས་ཁེ་ལས་30ཉིང་ཁྲིར་གཞི་ཚུགས་པ་དང་བོད་སྨན་སྨན་རྒྱུ་འདེབས་འཛུགས་དང་། ཞིབ་སྤེལ། ཐོན་སྐྱེད་སོགས་འཁོར་སྦྲེལ་ཧྲིལ་པོའི་ཐོན་ལས་མ་ལག་ལ་ཁྱབ་ཡོད། 2024ལོར་གྲོང་ཁྱེར་ཡོངས་ཀྱི་བོད་ལུགས་གསོ་རིག་ཁེ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་13.26ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།