དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • ཕུལ་བྱུང་ཤེས་དཔལ་རྒྱུན་འཛིན། རིག་གཞུང་མཉམ་སྤྱོད་སྤེལ་རེས།

    ཀོང་པོ་རྒྱ་མདའ་རྫོང་གིས་བོད་ལུགས་གསོ་རིག་གི་གྲུམ་ནད་རིག་གཞུང་བགྲོ་གླེང་ཚོགས་འདུ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-19

    འདི་ནི་བགྲོ་གླེང་ཚོགས་འདུ་འཚོག་ཡུལ་ཡིན་པ།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བ་དང་བོད་ལུགས་གསོ་རིག་གི་མཁས་དབང་ཆེ་མོ་ཀོང་རོང་སྨན་བླ་དོན་གྲུབ་འཁྲུངས་ནས་ལོ་ངོ་350འཁོར་བར་དྲན་གསོ་ཞུ་ཆེད། ཉེ་དུས་ཀོང་པོ་རྒྱ་མདའ་རྫོང་གིས་བོད་ལུགས་གསོ་རིག་གི་གྲུམ་ནད་རིག་གཞུང་བགྲོ་གླེང་གཙོ་དོན་དུ་བྱས་པའི་ཚོགས་འདུ་གཟབ་རྒྱས་ཤིག་གཉེར་ཏེ་བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་རྣམ་པ་དང་བོད་ལུགས་གསོ་རིག་ཐད་བྱས་པ་ཆེ་བའི་གྲགས་ཅན་མི་སྣའི་མཛད་རྗེས་སྐོར་ལ་བགྲོ་གླེང་བྱས་པ་རེད།

    ཚོགས་འདུའི་གཙོ་གནད་ཀྱི་གྲོས་རིམ་སྟེ། ཀོང་པོ་རྒྱ་མདའ་རྫོང་སྨན་རྩིས་ཁང་གི་སྨན་པ་རིན་ཆེན་ཚེ་དབང་གིས་མི་ལོ་བཅུ་ལྷག་ཙམ་རིང་ཞིབ་འཇུག་བྱས་པའི་ཀོང་རོང་སྨན་བླ་དོན་གྲུབ་ཀྱི་འཁྲུངས་རབས་དང་རིག་གཞུང་བསམ་བློ། ནད་ཐོག་སྨན་བཅོས་ཉམས་མྱོང་། བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་གལ་ཆེའི་རྨང་གཞི་སོགས་སྐོར་བགྲོ་གླེང་བྱས་ཤིང་། སྤྱི་ལོ་1675ལོར་བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་ཀོང་པོ་རྒྱ་མདའ་གྲོང་རྡལ་བཀྲ་ཤིས་འབྲས་སྤུངས་གྲོང་ཚོར་འཁྲུངས་པའི་གསོ་རིག་མཁས་དབང་ཁོང་གི་བརྩམས་ཆོས་དང་ཚད་ལྡན་ཡིག་ཆ། འཁྲུངས་རབས་འཁྲུངས་ཡུལ་བཅས་ལ་གསལ་འགྲེལ་བྱས་ཤིང་། བགྲོ་གླེང་ཚོགས་འདུའི་རིང་སྤེལ་རེས་བྱས་པའི《ཀོང་རོང་སྨན་བླ་དོན་གྲུབ་འཁྲུངས་ཡུལ་གསལ་བར་བཤད་པའི་གཏམ》ཞེས་པར་སྔ་རྗེས་སུ་རང་སྐྱོང་ལྗོངས་རིམ་པའི་རིགས་གཅིག་མཁས་ཅན་ཚོའི་གདེང་འཇོག་ཆེན་པོ་ཐོབ་ཡོད་ལ། མཁས་དབང་དམ་པ་གང་དེའི་ལོ་རྒྱུས་ལ་སྔར་བས་གསལ་རྟོགས་ཐུབ་སྟེ་གསོ་རིག་ཁྱབ་ཁོངས་ནང་དུ་གྲགས་ཅན་མི་སྣའི་གཟུགས་བརྙན་གསར་བཞེངས་ཐུབ་ཡོད་པ་རེད།

    རིག་གཞུང་ཚོགས་འདུའི་རིང་རིན་ཆེན་ཚེ་དབང་གིས་མི་ལོ་བཅུ་ལྷག་ཙམ་གྱི་ཞིབ་འཇུག་གྲུབ་འབྲས་དང་བོད་སྨན་དང་སྨན་རྫས་ཀྱི་ཚད་ལྡན་ཡིག་ཆ་རིགས་32དང་ཡིག་འབྲུ་ཁྲི་28ལྷག་ཙམ་གཅིག་སྡུད་ཐོག་སྟོན་པ་དེས་ཀོང་རོང་སྨན་བླ་དོན་གྲུབ་ཀྱི་རིག་གཞུང་བསམ་བློའི་དེང་རབས་ཀྱི་རིན་ཐང་མངོན་པ་མ་ཟད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་བོད་ལུགས་གསོ་རིག་དང་སྨན་རྫས་རིག་པའི་འཕེལ་རྒྱས་ཀྱི་རྣམ་པ་གང་ལེགས་མངོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།