དབུ་ཤོག>བོད་ལུགས་གསོ་རིག
  • བོད་ཀྱིས་བོད་ལུགས་གསོ་རིག་གི་ལུས་གསོའི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་གྲུབ་འབྲས་གསར་པ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-04

    ཉེ་ཆར། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དང་མཉམ་འབྲེལ་ཐོག་ལུས་གསོའི་ཇུས་གཞིའི་འོས་སྦྱོར་ཚོགས་འདུ་འཚོགས་ནས“སྐར་མ་རི་ཋིའི་ལུམས་བཅོས”དང“བོད་ལྗོངས་ཕུའུ་ཡོན་ལུས་གསོ་ལྟེ་གནས”ཀྱི་ལྟེ་བའི་ཐོན་རྫས་ཆེན་པོ་གཉིས་བཏོན་པ་དང་། ཡུལ་སྐོར་ལས་དོན་ཁང་མང་པོས་ཁྱད་ལྡན་ལམ་ཐིག་མང་པོ་ཁྱབ་བསྒྲགས་བྱས་ནས། ལོ་ངོ་སྟོང་གི་བོད་ལུགས་གསོ་རིག་ལ་བརྟེན་ཏེ་དེང་རབས་ལུས་གསོར་མཐུན་རྐྱེན་སྦྱར་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།

    འོས་སྦྱོར་ཚོགས་འདུའི་ཐོག་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་སྤེན་པ་རྒྱལ་མཚན་གྱིས་བོད་ལུགས་སྨན་རྒྱུ་སྲུང་སྐྱོང་དང་བེད་སྤྱོད་བྱེད་སྟངས་མཉམ་སྤྱོད་དང་ལུས་གསོའི་མཚན་ཉིད་རིག་པ་དང་དེང་རབས་འཚོ་བ་མཉམ་འདྲེས་ཀྱི་ཐབས་ལམ་གསལ་འགྲེལ་བྱས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་མི་ཚོགས་ཀྱིས་ཁེངས་ཡོད་ལ། སྐུ་མགྲོན་དང་ཡུལ་སྐོར་བས་བོད་སྨན་གྱི་དྲི་ཞིམ་ཁུག་མ་བཟོ་སྟངས་ཉམས་ལེན་དང་ལུས་གསོའི་ཇའི་བྲོ་བ་མྱངས་ཤིང་། ཡུལ་སྐོར་བ་མན་ཡུས་ཀྱིས“བོད་ཀྱི་གསོ་བ་རིག་པའི་ལོ་ངོ་སྟོང་གི་བློ་རིག་མཉམ་འདྲེས་བྱས་པའི་ཐོན་རྫས་དེ་རིགས་ང་ཚོས་ཉམས་ལེན་བྱེད་རིན་ཡོད་པ་ཞིག་འདུག”ཅེས་གདེང་འཇོག་བྱས།

    ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུའི་དམིགས་ཡུལ་ནི་བོད་ལུགས་གསོ་རིག་གི་ལུས་གསོའི་རིན་ཐང་དང་བོད་ཀྱི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བྱས་ཏེ“སྨན་བཅོས་དང་། ལུས་གསོ། ཡུལ་སྐོར”བཅས་མཉམ་འདྲེས་ཀྱི་ཁྱད་ལྡན་ཐོན་རྫས་བཏོད་དེ། བདེ་ཐང་སྨན་བཅོས་རྣམ་པའི་ཡུལ་སྐོར་གྱི་དགོས་མཁོ་དང་འཚམ་པ་བྱ་རྒྱུ་དེ་རེད། དེ་དང་ཆབས་ཅིག“རིག་གནས་ཡུལ་སྐོར་དང་ལུས་གསོ་ཟུང་དུ་འབྲེལ་བའི”འདུ་ཤེས་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཐོན་རྫས་མཁོ་སྤྲོད་དེ་བས་ཕུན་སུམ་ཚོགས་སུ་བཏང་སྟེ་བོད་ལུགས་གསོ་རིག་གི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།