དབུ་ཤོག>བོད་ལུགས་གསོ་རིག
  • 《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》དེབ་གྲངས་80དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-05

    ཉིན་ཤས་གོང་གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། ད་ལོའི་ཟླ་6པའི་ཟླ་མཇུག་བར་བོད་ལྗོངས་བོད་ལུཌ་གསོ་རིག་སློབ་ཆེན་གྱི་གཙོ་སྒྲིག་པ་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》དེབ་གྲངས་80དཔེ་སྐྲུན་འགྲེམས་སྤེལ་ཟིན་ཞིང་། དེའི་ནང་ཁྱོན་དཔེ་རྙིང་རིགས་1828གཅེས་བསྡུས་བྱས་པ་དང་། ཤོག་གྲངས་ཁྲི་11ཟིན་པ། ཁྱོན་ཡིག་འབྲུ་ཁྲི་6100ལྷག་ཙམ་ཡོད། དཔེ་སྐྲུན་བྱས་པའི་དེབ་གྲངས་80ཡི་ནང་མཐོང་དཀོན་པའི་ལག་བྲིས་པར་གཞི་རྐྱང་མ་དང་། དཔེ་དེབ་རྩ་ཆེན། པར་རྒྱུན་ཆད་པའི་པར་གཞི་ལ་སོགས་མང་པོ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དེ་ཉིད་2010ལོར་བཙུགས་ཚུན་དུ་གླང་འདུལ་རྡོ་རྗེ་སྒྲོལ་དཀར་གྱིས་གཙོ་འགན་འཁུར་བའི་བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་ཀྱི་གནའ་བོའི་དཔེ་དེབ་དང་ཚད་ལྡན་ཡིག་ཆ་བསྡུ་རུབ་དང་། ལེགས་སྒྲིག ཞིབ་འཇུག་བཅས་ཀྱི་དཔྱོད་དོན་ཚོགས་ཆུང་བཙུགས་ནས་བོད་སྨན་དང་གནའ་གཞུང་དང་ཚད་ལྡན་ཡིག་ཆ་བརྟག་ཞིབ་བསྡུ་རུབ་ལེགས་སྒྲིག་དང་། ཉམས་གསོ་སྲུང་སྐྱོབ། དཔེ་སྐྲུན་བཅས་ཀྱི་ལས་དོན་སྤེལ་འགོ་ཚུགས་ཡོད། ད་བར་ལོ་16རིང་དཔྱོད་དོན་ཚོགས་ཆུང་གིས་རང་ལྗོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)74དང་དེ་བཞིན་མཚོ་སྔོན་དང་། སི་ཁྲོན། ཡུན་ནན། ཀན་སུའུ། ལེའོ་ཉིང་། པེ་ཅིང་། ཧྲང་ཧའེ། ནང་སོག་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ལ་སྔ་རྗེས་སུ་བསྐྱོད་པར་ལམ་ཐག་སྤྱི་ལེ་ཁྲི་14ལྷག་ཙམ་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།