ལྷོ་ཁའི་ས་ཆ་དེ་རང་གི་སྨན་རྫས་ཁྲོམ་ཞུགས་ཁེ་ལས་ལ་སྨན་རྫས་ཐོན་སྐྱེད་ཆོག་འཐུས་ཀྱི་Cརིམ་པའི་ལག་ཁྱེར་ཐོབ་པ།
ཉེ་ཆར་བོད་ལྗོངས་ཧའེ་སི་ཁོའོ་སྨན་རྫས་ཚད་ཡོད་ཀུང་སིར(གཤམ་དུ་ཧའེ་སི་ཁོའོ་སྨན་རྫས་ཞེས་བསྡུ་རྒྱུ)རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱི་ས་ཡུལ་དངོས་ཀྱི་ཞིབ་བཤེར་བདེ་བླག་བྱུང་ནས《སྨན་རྫས་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར》གྱི་Cརིམ་པའི་ལག་ཁྱེར་ཐོབ་པ་རེད།
ད་ཐེངས་ཀྱི་Cརིམ་པའི་ལག་ཁྱེར་ལ་ཐོབ་པ་དེ་ཐོག་ནས་ལྷོ་ཁའི་ས་ཆ་དེ་རང་གི་སྨན་རྫས་ཁྲོམ་ཞུགས་ཁེ་ལས་ཡིན་པའི་ཧའེ་སི་ཁོའོ་སྨན་རྫས་ལ་ཐོན་སྐྱེད་དོ་དམ་དང་སྤུས་ཚད་ཚོད་འཛིན་མ་ལག་སོགས་མཉེན་ཆས་དང་མཁྲེགས་ཆས་འཛུགས་སྐྲུན་ཐད་ཚད་བརྒལ་ཆེན་པོ་བྱུང་བ་མཚོན་གྱི་ཡོད།
ཧའེ་སི་ཁོའོ་སྨན་རྫས་ཀུང་སི་2005ལོར་བཙུགས་ཚུན། གསར་གཏོད་སྨན་རྫས་དང་རྩེར་སོན་འདྲ་བཟོའི་སྨན་རྫས་ཀྱི་ཆེད་ལས་ཁྱབ་ཁོངས་སུ་རྣམ་གྲངས་གསར་པ་90ལྷག་ཙམ་ཞིབ་འཇུག་གསར་སྤེལ་བྱེད་འགོ་ཚུགས་ཡོད་པ་རེད། 2021ལོར་ཧའེ་སི་ཁོའོ་སྨན་རྫས་ལ་རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱིས་ཞིབ་བཤེར་བྱས་ནས་སྤྲད་པའི《སྨན་རྫས་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར》གྱི་Bརིམ་པའི་ལག་ཁྱེར་ཐོབ་པ་ལས་ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་གཏོང་སེམས་དེ་བས་ཆེ་རུ་སོང་ཡོད།