དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • རྒྱལ་ཡོངས་ཀྱི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ལྟེ་གནས(བོད་ལུགས་གསོ་རིག)ཐོག་མ་ལྷ་སར་སྒོ་བྱང་བཀལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-23

    ཉིན་ཤས་གོང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ལྟེ་གནས(བོད་ལུགས་གསོ་རིག)སྒོ་བྱང་འགེལ་བའི་མཛད་སྒོ་ལྷ་སར་འཚོགས་ཤིང་། དེ་ནི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་དངོས་སུ་ཆོག་མཆན་སྤྲད་ནས་བཙུགས་པའི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་མི་རིགས་གསོ་རིག་ལྟེ་གནས་ཐོག་མ་ཡིན་པ་དང་། སླད་ཕྱིན་ལྟེ་གནས་དེས་རང་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་གི་ལེའུ་གསར་པ་ཞིག་ཕྱེ་ཡོད་པ་རེད།

    ལྟེ་གནས་དེས་ས་མཐོའི་ས་ཁུལ་གྱི་མི་དམངས་མང་ཚོགས་ལ་ཐོན་མང་བའི་དོས་དྲག་དང་ཉེན་ལྕིའི་ནད་ལ་དམིགས་ནས། གསོ་རིག་དང་། སློབ་ཁྲིད། ཞིབ་འཇུག ཐོན་སྐྱེད་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་གྱིས་གཟའ་གྲིབ་དང་བོད་ལུགས་གསོ་རིག་གི་ལུམས་བཅོས་བྱེད་ཐབས་གཙོ་བོར་བྱེད་པ་དང་། ནད་རིགས་གཞན་དག་གི་རིག་ཚན་ཐུན་མོང་འཕེལ་རྒྱས་གཏོང་བའི་སྤུས་ཚད་མཐོ་བའི་གསོ་རིག་ལྟེ་གནས་ཤིག་བཏོད་དེ། རིགས་པའི་གཞུང་ལུགས་ཞིབ་འཇུག་དང་། བོད་ལུགས་གསོ་རིག་གི་གཞི་ཁུངས། ཚད་གཞི་གཏན་འཁེལ། བོད་སྨན་ཞིབ་བཟོ། གྲུབ་འབྲས་གཞན་སྒྱུར་སོགས་ཀྱི་ཐད་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།