དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • རང་ལྗོངས་ཀྱི་བོད་སྨན་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་ལ་འགག་སྒོའི་མཐོ་རིམ་ཁས་ལེན་དཔང་འདོན་ཐོག་མར་རག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-19

    ཉིན་ཤས་གོང་གསར་འགོད་པས་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱས་པར། བོད་ལྗོངས་ཆེས་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིར་འགག་སྒོ་ལས་ཁུངས་ཀྱི་མཐོ་རིམ་ཁས་ལེན་དཔང་འདོན་ཐོབ་ནས་འགག་སྒོའི་མཐོ་རིམ་ཁས་ལེན་དཔང་འདོན་ཐོབ་པའི་བོད་ཀྱི་བོད་སྨན་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་ཐོག་མར་གྱུར་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། འགག་སྒོ་ལས་ཁུངས་ཀྱི་མཐོ་རིམ་ཁས་ལེན་དཔང་འདོན་ནི་འཛམ་གླིང་འགག་སྒོ་རྩ་འཛུཌ་ཀྱིས་དར་སྤེལ་བཏང་བ་ཞིག་ཡིན་པ་དང་། དེས་ཁེ་ལས་ཀྱི་ཡིད་རྟོན་ཚད་གཞི་དང་། ཁྲིམས་སྲུང་ཚད། བདེ་འཇགས་ཆུ་ཚད་བཅས་ཅུང་མཐོ་བའི་ཁེ་ལས་ལ་གཟིཌ་སྐྱོང་དང་སྟབས་བདེ་སྤྲོད་པའི་ཁས་ལེན་དཔང་འདོན་གྱི་ལམ་ལུགས་ཤིག་ཡིན་པས། རང་རྒྱལ་གྱི་འགག་སྒོ་ལས་ཁུངས་ཀྱིས་མཁོ་འདོན་བྱས་པའི་སྟབས་བདེའི་བྱེད་ཐབས་45དང་རྒྱལ་ཁབ་ཀྱི་པུའུ་ཨུད་39ཡིས་མཁོ་འདོན་བྱས་པའི་མཉམ་འབྲེལ་ལྕག་སྐུལ་བྱེད་ཐབས་49ལོངས་སུ་སྤྱོད་ཆོག རྒྱལ་སྤྱིའི་ཐོག་ཀྲུང་གོས་སིང་ཀ་ཕོར་དང་། ཡོ་རོབ་མནའ་འབྲེལ། ནེའུ་ཙི་ལན་སོགས་དཔལ་འབྱོར་སྡེ་གཞི་29དང་། རྒྱལ་ཁབ(ས་ཁུལ)55དབར་ཕན་ཚུན་ཁས་ལེན་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད། ཁེ་ལས་ཀྱིས་དངོས་ཟོག་སྔོན་ལ་འགག་སྒྲོལ་བྱེད་པ་དང་། འཛིན་ཡིག་ཞིབ་དཔྱད་ཉུང་དུ་གཏོང་བ། དཔྱད་བཤེར་གྱི་བསྡུར་ཚད་དམའ་རུ་གཏོང་བ། འགག་སྒོའི་འབྲེལ་གཏུག་པ་གཏན་འཁེལ་སོགས་ཀྱི་སྟབས་བདེའི་བྱེད་ཐབས་ལོངས་སུ་སྤྱོད་ཆོག་པས། འགག་སྒོ་དང་ཁེ་ལས་ལ་གཉིས་ཁེ་གཉིས་ཕན་དང་ཚོང་དོན་ཤར་གཏོང་ཐུབ་ནས་ཁེ་ལས་ཀྱི་རྒྱལ་སྤྱིའི་ཚོང་དོན་མ་གནས་ཧ་ཅང་དམའ་རུ་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།