དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གིས།

    བོད་སྨན་ཁྱད་ལྡན་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-10

    ཉེ་ཆར། གསར་འགོད་པར་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གིས“ཤན་རྩ་བཞི”དང“རྟེན་གཞི་དྲུག”སྐྲུན་པར་སྐུལ་འདེད་གཏོང་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གིས“བོད་སྨན་ཁྱད་ལྡན་ཐོན་སྐྱེད་རྟེན་གཞི”བསྐྲུན་རྒྱུའི་དམིགས་ཚད་ལ་དམ་པོར་དམིགས་ནས། བོད་སྨན་འཕེལ་རྒྱས་ཀྱི་མངོན་གསལ་དོད་པའི་འགོག་རྐྱེན་ཐག་གཅོད་ཧུར་ཐག་བྱས་ཏེ། བོད་སྨན་གྱི་དེང་རབས་ཅན་དང་ཐོན་ལས་ཅན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་མགྱོགས་པོ་བཏང་བ་དང་བོད་སྨན་བྱ་གཞག་དང་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལའང་སྐུལ་འདེད་བཏང་ཡོད།

    རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་བཏང་ཞིང་། ཤན་རྩ་རྫོང་གིས་རྫོང་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ཀྱི་ལས་དོན་དེ་སྲིད་གཞུང་གིས་དམངས་ལ་དོན་དངོས་བཅུ་སྒྲུབ་པའི་ནང་འཇུག་པར་རྒྱབ་སྐྱོར་བྱས་ཏེ། མ་དངུལ་སྒོར་ཁྲི་1100ལྷག་ཙམ་གྲབས་གསོག་བྱས་ནས་རྫོང་སྨན་རྩིས་ཁང་གི་ད་ཡོད་སྨན་སྦྱོར་ཁང་རིམ་སྤོར་སྒྱུར་བཀོད་བྱ་རྒྱུ་རེད། བོད་སྨན་ཐོན་རྫས་ཀྱི་སྤུས་ཚད་དང་སྨན་སྤྱོད་བདེ་འཇགས་འགན་ལེན་དང་སྨན་རྫས་ཁྲོམ་རར་ཞུགས་འཐུས་ཀྱི་སྔོན་སྒྲུབ་རང་བཞིན་གྱི་འབྲེལ་ཡོད་བླང་བྱ་ལག་བསྟར་ནན་པོ་བྱེད་ཆེད། ཤན་རྩ་རྫོང་སྨན་རྩིས་ཁང་གིས་རང་ངོས་ཀྱི་ནུས་པ་ཧུར་ཐག་བཏོན་ནས་དེ་གོང་ཐོ་འགོད་སྙན་སེང་ཞུས་པའི་བོད་སྨན་རིགས་8ཀྱི་རྨང་གཞིའི་ཐོག ཕྱོགས་གསུམ་པའི་ཀུང་སིར་མངགས་བཅོལ་བྱས་ནས་དེ་བྱིངས་ཀྱི་བོད་སྨན་རིགས་64ཐོ་འགོད་སྙན་སེང་ཞུས་ཡོད། མིག་སྔར་ཤན་རྩ་རྫོང་སྨན་རྩིས་ཁང་གི་བོད་སྨན་རིགས་72ཚང་མ་ཐོ་འགོད་སྙན་སེང་ཞུས་ཟིན་པ་དང་སྨན་སྦྱོར་ཁང་ལ་ཆོག་འཐུས་ལག་ཁྱེར་ཐོབ་རྗེས་ཐོ་འགོད་སྙན་སེང་ཞུས་པའི་བོད་སྨན་རིགས་72ཐོན་སྐྱེད་བྱེད་ཆོག་གི་ཡོད།

    གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སྒྱུར་བཅོས་སྔར་བས་མགྱོགས་པོ་བྱེད་ཆེད། སྒོ་བསྟེན་སྨན་བཅོས་ཀྱི་གྲོན་དངུལ་དེ་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྤྱི་འདོམས་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་སུ་བཅུག་པ་བརྒྱུད། སྨན་བཅོས་འགན་བཅོལ་ཐེབས་རྩ་བེད་སྤྱོད་བྱེད་ཚད་མཐོ་རུ་བཏང་ནས་འགན་བཅོལ་ནང་ཞུགས་མཁན་གྱི་སྨན་བཅོས་གྲོན་དངུལ་གྱི་ཁུར་པོ་རིམ་བཞིན་ཡང་དུ་གཏོང་རྒྱུ་རེད། ཤན་རྩ་རྫོང་སྨན་རྩིས་ཁང་གིས་ཐོ་འགོད་སྙན་སེང་ཞུས་པའི་བོད་སྨན་རིགས་72ཚང་མ་སྨན་བཅོས་འགན་བཅོལ་ཞིབ་བཤེར་རྩིས་སུབ་ཀྱི་ཁྱབ་ཁོངས་ནང་བཅུག་པའི་གྲས་སུ་བོད་སྨན་རྩ་ཆེན་རིགས་5དང་བོད་སྨན་དཀྱུས་མའི་རིགས་67ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།