དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • ཁྱིམ་གྱི་སྒོ་རྩར་འོས་འགན་སྨན་བཅོས་བྱེད་པར་བསྐྱོད་ནས་མང་ཚོགས་ལ་དྲོ་སྐྱིད་སྦྱིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-30

    འདི་ནི་དགེ་རྒན་ཆེ་མོ་བ་ཞུང་ཧའེ་ཡིས་ནད་པར་བརྟག་དཔྱད་བྱེད་བཞིན་པ།

    ཟླ་1ཚེས་24ཉིན། བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་ཡོན་ཀྲང་གཞོན་པ་དང་དགེ་རྒན་ཆེ་མོ་བ་ཞུང་ཧའེ་ཡིས་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་དགེ་རྒན་དང་ཞིབ་འཇུག་སློབ་མའི་སྣེ་ཁྲིད་དེ་སླར་ཡང་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་དུ་འོས་འགན་སྨན་བཅོས་བྱེད་པར་བསྐྱོད་པ་རེད། ན་ནིང་ཟླ་12པར་དགེ་རྒན་ཆེ་མོ་བ་ཞུང་ཧའེ་ཡིས་སྨན་བཅོས་ཚོགས་པའི་སྣེ་ཁྲིད་དེ་བྱང་ཁ་ཤང་དུ་ཉིན་3རིང་བོད་རིགས་མང་ཚོགས་200ལྷག་ཙམ་ལ་འོས་འགན་སྨན་བཅོས་བྱས་པ་དང་འབྲེལ་སྨན་རིན་མེད་དུ་སྤྲད་པ་རེད།

    2019ལོ་ནས་ད་བར། དགེ་རྒན་ཆེ་མོ་བ་ཞུང་ཧའེ་ཡིས་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་དང་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བཞི་པའི་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་གྱི་སྣེ་ཁྲིད་དེ་བོད་ཀྱི་ཞིང་འབྲོག་ཁུལ་དུ་འོས་འགན་སྨན་བཅོས་ཐེངས་20ལྷག་ཙམ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།