དབུ་ཤོག>བོད་ལུགས་གསོ་རིག
  • དགུན་དུས་ཆུ་ཚན་རྒྱག་སྐབས་ཀྱི་ནོར་འཛོལ་ཁག་གསུམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-20

    གཅིག ཆུའི་ནང་ག་ཚོད་མང་བ་བསྡད་ཀྱང་དེ་ཙམ་གྱིས་ཕན་པ་ཆེ་བའི་ནོར་འཛོལ། ཆུ་ཚན་ནང་དུས་ཚོད་རིང་པོ་སྡོད་རྒྱུ་མེད། སྤྱིར་བཏང་བྱས་ན་ཐེངས་རེར་དུས་ཚོད་སྐར་མ་10ནས་20བར་འཚམ་པོ་ཡོད། ཆུའི་དྲོད་ཚད་མི་གཅིག་པས་ཆུ་ཚན་རྒྱག་པའི་དུས་ཚོད་ཀྱང་འདྲ་གི་མེད། ཆུ་ཚན་ནང་གི་ཆུའི་གྲུབ་ཆ་ཐན་སྐྱུར་ཡིན་ཚེ་ཆུའི་ནང་སྡོད་པའི་དུས་ཚོད་རིང་པོ་བྱ་རྒྱུ་མེད་པར་ཉིན་གནངས་འཆར་ལ་ཐེངས་རེ་རྒྱག་པའམ་ཡང་ན་ཉིན་གཉིས་བསྟུད་ནས་ཆུ་ཚན་རྒྱག་པ་དང་ཉིན་གསུམ་པར་ངལ་གསོ་རྒྱག་དགོས།

    གཉིས། ཆམ་ནད་ཕོག་པར་ཆུ་ཚན་བརྒྱབ་ན་ཕན་པའི་ནོར་འཛོལ། ཆམ་ནད་ལ་རིགས་མི་འདྲ་བ་སྣ་ཚོགས་ཡོད་པས་ཆམ་ནད་ཡོངས་རྫོགས་ལ་ཆུ་ཚན་བརྒྱབ་ན་ཕན་པའི་ངེས་པ་མེད། གལ་ཏེ་ཁྱེད་ཀྱི་ཆམ་པའི་ནད་རྟགས་སྣ་ཆུ་སླ་པོ་ཐོན་པ་དང་ལྟོའི་དང་ག་ཉམས་པ། གྲོད་པ་སྦོས་པ་སོགས་ལ་ཆུ་ཚན་བརྒྱབ་ན་ཕན་པ་ངེས་ཅན་ཐོན་སྲིད་ཀྱང་དེ་མིན་གྱི་ཆམ་ནད་ཕོག་པར་ཆུ་ཚན་བརྒྱབ་ན་ཕན་པའི་ངེས་པ་མེད།

    གསུམ། ཆུ་ཚན་རྒྱག་སྐབས་ཆང་རག་འཐུང་ཆེ་ན་ཕན་པ་ཆེན་པོ་ཡོད་པའི་ནོར་འཛོལ། མི་ཁག་གཅིག་གིས་ཆུ་ཚན་རྒྱག་སྐབས་ཟས་འཚོས་པོ་ཟ་བ་དང་ཆང་རག་བཏུང་ན་གཟུགས་པོར་རླུང་ཁུག་ནས་ཕན་པ་ཆེན་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། དོན་དམ་དུ་དེ་འདྲ་མ་ཡིན། ཆུ་ཚན་རྒྱག་སྐབས་ལུས་པོའི་ནུས་ཤུགས་ཟད་གྲོན་བྱེད་ཚད་མཐོ་བས་སྤྱིར་ན་ཟས་བཅུད་འཛོམས་པོ་བསྟེན་པ་དང་ཆང་རག་འོས་འཚམ་བཏུང་ན་གཟུགས་པོའི་ནུས་ཤུགས་ཁ་གསབ་ཐད་ཕན་པ་ཆེན་པོ་ཡོད་མོད། འོན་ཀྱང་ཆང་རག་རྒྱགས་ཚད་བཏུང་ནས་ཆུའི་ནང་ཞུགས་རྒྱུ་མེད། གང་ཡིན་ཟེར་ན་ཆུ་ཚན་གྱི་ཆུའི་ཚ་ནུས་ཀྱིས་སྙིང་ཁ་འཕག་ཚད་མགྱོགས་སུ་འགྲོ་བ་དང་། ཁྲག་ཤེད་འཕར་བ། སྙིང་གི་ཁུར་པོ་ལྕི་རུ་འགྲོ་བ། ཀླད་ཆེན་ལ་ཟུངས་ཁྲག་མི་འདང་བའི་འགལ་རྐྱེན་ཐོན་ལ་དེའི་ཐོག་ཉིང་ཁུའི་ཤུགས་ཀྱིས་སྣང་ཚུལ་དེ་རིགས་སྡུག་ཏུ་འགྲོ་བས་ཆང་རག་འཐུང་བཞིན་ཆུ་ཚན་ནང་འཛུལ་བ་ནི་ཉེན་ཁ་ཆེ་བ་ཞིག་རེད། དེ་བཞིན་ལྟོ་རྒྱགས་ཚད་བཟས་ནས་ཆུའི་ནང་འཛུལ་ན་ཆུའི་ཚ་ཚད་ཀྱིས་ཟུངས་ཁྲག་ལ་ཕོག་ཐུག་བྱུང་སྟེ་ཟས་འཇུ་བར་འགོག་རྐྱེན་བཟོ་གི་ཡོད། དེར་བརྟེན་ལྟོ་ཆས་གོང་གི་སྐར་མ་30དང་ལྟོ་ཆས་རྗེས་ཀྱི་ཆུ་ཚོད་1སོང་མཚམས་སུ་ཆུ་ཚན་ནང་ཞུགས་ན་འཚམ་པོ་ཡོད།


    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།