དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • ཀྲུང་གོའི་མི་རིགས་གསོ་རིག་མཐུན་ཚོགས་བོད་ཀྱི་གསོ་བ་རིག་པའི་ཡན་ལག་མཐུན་ཚོགས་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-07

    ཉེ་ཆར། ཀྲུང་གོའི་མི་རིགས་གསོ་རིག་མཐུན་ཚོགས་བོད་ཀྱི་གསོ་བ་རིག་པའི་ཡན་ལག་མཐུན་ཚོགས་འཛུགས་པའི་ཚོགས་ཆེན་དང་རྒྱལ་ཡོངས་ཀྱི་དེང་རབས་བོད་སྨན་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་མཐོ་གསར་ཁུལ་གྱི་བོད་ནོར་སྐྱེ་དངོས་གསོ་རིག་སྐྱོང་སྤེལ་ཚོགས་འདུ་ལྟེ་གནས་སུ་འཚོགས་ཏེ། བོད་ཀྱི་གསོ་བ་རིག་པའི་ཡན་ལག་མཐུན་ཚོགས་ཀྱི་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་ཁྲིད་སྒྲིག་གཞི་བདམས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་མི་རིགས་གསོ་རིག་མཐུན་ཚོགས་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་བྱེད་པའི་སྨན་བཅོས་འཕྲོད་བསྟེན་རིགས་ཀྱི་སྤྱི་ཚོགས་ཚོགས་པ་འབའ་ཞིག་དེ་རེད་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྤྱི་ཚོགས་ཚོགས་པ་ཞིག་ཀྱང་རེད། བོད་ཀྱི་གསོ་བ་རིག་པའི་ཡན་ལག་མཐུན་ཚོགས་ཧྲི་ཅ་ཀྲོང་དུ་བཙུགས་ནས་མི་རིགས་ཀྱི་སྨན་རྫས་ཁེ་ལས་གཅིག་སྡུད་འཕེལ་རྒྱས་དང་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། མི་རིགས་ཀྱི་གསོ་རིག་སྤུས་རྟགས་གཏོད་པ་དང་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཀྱི་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།