དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་བོད་ལུགས་གསོ་རིག་སྨན་བཅོས་ཀྱི་མཉམ་འབྲེལ་སྒྲིག་གཞི་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-11-08

    ཉེ་ཆར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྨན་རྩིས་ཁང་གིས་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཁག་གི་ལྟེ་བའི་སྨན་ཁང་དང་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་མཉམ་ལས་གྲོས་མཐུན་ཡི་གེ་བཞག་པ་དང་འབྲེལ་སྒོ་བྱང་ཡང་སྤྲད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་མཉམ་ལས་ནི་སྨན་བཅོས་སྒྲིག་གཞིའི་དབར་གྱི་མཉམ་ལས་བྱེད་སྟངས་ཤིག་ཡིན་ཞིང་། དམིགས་ཡུལ་ནི་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་ལེགས་སུ་བཏང་ནས། སྨན་བཅོས་ཞབས་ཞུའི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་རྒྱུ་དེ་རེད། གཞིས་རྩེ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་བཀོད་སྒྲིག་འོག གཞིས་རྩེ་གྲོང་ཁྱེར་སྨན་རྩིས་ཁང་གིས་སྣེ་ཁྲིད་དེ་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་བོད་ལུགས་གསོ་རིག་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བཙུགས་ཏེ། རྫོང(ཆུས)18ཀྱི་སྨན་རྩིས་ཁང་དང་བོད་ལུགས་གསོ་རིག་ཚན་ཁག་ཚང་མ་དེའི་ནང་བཅུག་པས། བོད་ལུགས་གསོ་རིག་གི་ཐོན་ཁུངས་བགོ་བཤའ་དང་བེད་སྤྱོད་ལུགས་མཐུན་དང་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད།

    གཞིས་རྩེ་གྲོང་ཁྱེར་སྨན་རྩིས་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་སྤེན་དོན་གྱིས། གྲོང་ཁྱེར་སྨན་རྩིས་ཁང་གིས་ཐོན་ཁུངས་མཉམ་སྤྱོད་དང་། ཕྱོགས་གཉིས་བསྟེན་སྒྱུར། ཕྱོགས་ཡོངས་ནས་རོགས་སྐྱོར། ཤེས་ལྡན་པ་གསོ་སྦྱོང་། བོད་སྨན་འདུལ་སྦྱོང་སོགས་ཐད་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ཁོངས་མིའི་ཚན་པ་དང་ཕྱོགས་ཡོངས་ནས་མཉམ་ལས་གཏིང་ཟབ་བྱེད་པ་དང་། ཤེས་ལྡན་པ་དང་། ལག་རྩལ། དོ་དམ། སྒྲིག་ཆས་སོགས་སྤུས་ལེགས་ཐོན་ཁུངས་གཤམ་དུ་སྤྲོད་པར་སྐུལ་འདེད་གཏོང་བ། སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་མཉམ་ལས་ཚན་པ་ཐུན་མོང་ཐོག་འཕེལ་རྒྱས་དང་གཉིས་ཁེ་གཉིས་ཕན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་འདེགས་ཧུར་ཐག་ཞུ་གི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།