དབུ་ཤོག>བོད་ལུགས་གསོ་རིག
  • སྲོལ་རྒྱུན་གྱི་བོད་ཀྱི་གསོ་བ་རིག་པར་སྐྱེ་སྟོབས་ཀྱི་དཔལ་འབར་བ།

    —— བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་ཕྱིར་མིག་ལྟ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-10-18

    ཉེ་བའི་ལོ་ཤས་རིང་། བོད་ཀྱིས་འཛམ་གླིང་ཐོག་བོད་ལུགས་གསོ་བ་རིག་པའི་ཞིབ་འཇུག་གི་ལས་སྟེགས་རྩེ་གྲ་དང་། བོད་ལུགས་གསོ་བ་རིག་པའི་སློབ་ཆེན་རྩེ་གྲ བོད་ཀྱི་གསོ་བ་རིག་པའི་ཁེ་ལས་རྩེ་གྲ བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ལྟེ་གནས་རྩེ་གྲ་བཅས་བསྐྲུན་རྒྱུ་དམིགས་ཚད་དུ་བྱས་ནས། བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་པ་གསོ་སྐྱོང་དང་། ཚན་ཞིབ་འགག་སྒྲོལ། ཞབས་འདེགས་ཞུ་ནུས་སོགས་ཀྱི་ཐད་ཕན་འབྲས་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད”ཅེས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་ཚེ་རིང་གིས་བཤད།

    ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་བོད་ཀྱི་ཐོན་ལས་ཀྱི་རྨང་གཞིའི་ནུས་པ་དང་ཐོན་ལས་འཁོར་འབྲེལ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད། འདི་ལོའི་ཟླ་5པར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་ཐོན་ལས་འཁོར་འབྲེལ་གྱི་འཁོར་འབྲེལ་དཔོན་གྱི་ལམ་ལུགས་ཀྱི་ལས་ཀའི་ཇུས་གཞི》བཟོས་ནས་བཀྲམ་སྟེ། ཐོན་ལས་འཕེལ་རྒྱས་ཀྱི་ལེ་ལག་ཚང་བའི་ཡིག་ཆར་བརྩིས་ནས་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་དེ་གཙོ་གནད་ཐོན་ལས་འཁོར་འབྲེལ་ཆེ་གྲས་བརྒྱད་ཀྱི་གྲས་སུ་བརྩིས་ནས་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ལུས་གསོའི་ཁྱབ་ཁོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་ལེགས་ཆར་གཞིགས་ནས་ལུས་གསོའི་རྣམ་གྲངས་དེ་བོད་ཀྱི་གསོ་རིག་ཐོན་ལས་འཕེལ་རྒྱས་ཀྱི་ནང་དོན་གལ་ཆེན་ནང་བཅུག་ཡོད།

    བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་སྐལ་བཟང་གཡུ་སྒྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ནས་བཟུང་། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ཆེད་དོན་ཚོགས་ཆུང་དང་དེ་བཞིན་ཁོངས་མིའི་ཚན་པ་ཁག་གིས་དངོས་འཛིན་དངོས་སྒྲུབ་དང་གསར་འབྱེད་གསར་གཏོད་ཀྱིས་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ལུས་གསོའི་ལས་དོན་ལ་ཕན་འབྲས་ཆེན་པོ་ཐོན་ཏེ་ཟླ་དང་པོ་ནས་བདུན་པའི་བར་བོད་སྨན་ཁེ་ལས་17གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་17.15ཟིན་པ་དེ་དུས་མཚུངས་ལས་21.56%འཕར་བ་དང་། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལ་བོད་སྨན་སྨན་རྩྭ་འདེབས་འཛུགས་ཀྱི་ཚོད་ལྟའི་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས། བདུད་རྩི་རྟགས་ཅན་གྱི་བོད་སྨན་ཚོགས་པས་མིག་སྔར་སྨན་རྩ་སྣ་ཁ་5ཚོད་འདེབས་བྱས་པར་རྒྱ་ཁྱོན་མུའུ་25ཟིན་ཡོད། བོད་ཀྱི་སྨན་རྩྭའི་ཐོན་ཁུངས་འགན་ལེན་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས་སྨན་གླིང་དེང་རབས་ཞིང་ལས་དང་བོད་སྨན་སྨན་རྩྭའི་ཐོན་ལས་གླིང་རང་སྐྱོང་ལྗོངས་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་གཏན་འཁེལ་བྱས་པ་དང་། རྒྱ་ཚ་རྫོང་གི་བོད་སྨན་སྨན་རྩྭའི་རྟེན་གཞི་འཛུགས་སྐྲུན་70%ལེགས་གྲུབ་ཟིན་པ། སྣང་རྫོང་གི་བོད་སྨན་སྨན་རྩྭའི་རྟེན་གཞི་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་པ་དང་ཆབས་ཅིག བོད་སྨན་གྱི་སྨན་རྒྱུ་ནང་འདྲེན་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་། བོད་སྨན་ཚད་ལྡན་ཅན་གྱི་མ་ལག་འཛུགས་སྐྱོང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བས་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་པ། བོད་ཀྱི་གསོ་བ་རིག་པའི་ཁེ་ལས་ཀྱི་ལུགས་བསྒྱུར་བསྐྱར་འཛུགས་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་བ། ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་དང་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ཡོད།

    བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ས་གནས་ཀྱི་ཚན་རྩལ་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་ཀྲུང་དབྱང་གིས་ཆེད་སྤྱོད་མ་དངུལ་རྣམ་གྲངས་དང་2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་འཆར་གཞིར་བརྟེན་ནས་བོད་ཀྱི་གསོ་བ་རིག་པའི་ཁྱབ་ཁོངས་ཀྱི་རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་རྣམ་གྲངས་15ལ་མ་དངུལ་སྒོར་ཁྲི་1576རྒྱབ་སྐྱོར་བྱས་པ་དང་། མ་རྩ་སྒོར་ཁྲི་6436འཇོག་པར་སྐུལ་ཁྲིད་བྱས་པ་རེད།

    བོད་རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱིས་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་གི(བོད་སྨན)སྤུས་ཚད་ཚོད་འཛིན་གྱི་གཙོ་གནད་ཚོད་ལྟ་ཁང་ལ་བརྟེན་ནས《བོད་ཀྱི་ཆུ་རྩའི་ཚིལ་སྐེམ་རྒྱུ་གཙོ་བོའི་གྲུབ་ཆ་དང་དེའི་ཕན་ནུས་སྐོར་གྱི་ཞིབ་འཇུག》སོགས་རྣམ་གྲངས་11ཞིབ་འཇུག་བྱས་པ་ལས་རྣམ་གྲངས་4ལས་མཇུག་འགྲིལ་བ་དང་རྣམ་གྲངས་7ཧུར་ཐག་ངང་སྒྲུབ་བཞིན་ཡོད་པ་རེད། དེ་དང་ཆབས་ཅིག་ཀྲུང་གོ་སྨན་རྫས་ལྟ་འདོམས་ཚན་རིག་བྱ་སྤྱོད་འཆར་གཞིའི་ཁག་གཉིས་པའི་གཙོ་གནད་རྣམ་གྲངས་3གྱི་ཞིབ་འཇུག་ལ་ཞུགས་པ་རེད། བོད་སྨན་ཆ་འཕྲིན་ཅན་འཛུགས་ སྐྱོང་བྱེད་མགྱོགས་སུ་བཏང་ཞིང་། ཀྲུང་གོའི་བོད་སྨན་ཐོན་ཁུངས་མཛོད་ཀྱི་ལས་སྟེགས་2023ལོའི་ཟླ་4ཚེས་6ཉིན་དངོས་སུ་སྤྱོད་འགོ་ཚུགས་པ་དང་། མིག་སྔའི་བར་ཁྱོན་སྨན་རྒྱུ་རིགས་1541གི་ཡིག་རིགས་ཆ་འཕྲིན་དང་ཞིབ་བཤེར་གཏན་འབེབས་ལེགས་སྒྲུབ་ཟིན་ནས་རིགས་319ཁྱབ་བསྒྲགས་བྱས་པ་དང་། སྨན་ཐོའི་ཆ་འཕྲིན་ཁག་590ཕབ་ལེན་བྱས་ནས་སྨན་ཐོའི་ཆ་འཕྲིན་ཁག་523ཞིབ་བཤེར་གཏན་འབེབས་བྱས་པ་དང་འབྲེལ་ཁྱབ་བསྒྲགས་ཀྱང་བྱས་པ། ཆ་འཕྲིན་ཅན་གྱི་ལག་རྩལ་གང་ལེགས་སྤྱད་དེ་བོད་སྨན་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

    “བོད་རང་སྐྱོང་ལྗོངས་ཀྱིས་འཆར་འགོད་བྱས་ནས་བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་ལྟེ་གནས་ལྟེ་བར་བྱེད་པའི‘1+N’གསར་གཏོད་དྲ་རྒྱའི་མ་ལག་ཧུར་ཐག་བཏོད་དེ་བོད་ཀྱི་གསོ་བ་རིག་པའི‘གསར་གཏོད་ཀྱི་འཁོར་འབྲེལ’དང་། ‘ཐོན་ལས་ཀྱི་འཁོར་འབྲེལ’ ‘ཤེས་ལྡན་མི་སྣའི་འཁོར་འབྲེལ’‘མ་དངུལ་གྱི་འཁོར་འབྲེལ’བཅས་འཁོར་འབྲེལ་བཞི་མཉམ་འདྲེས་ཐུབ་ཡོད། གོམ་སྟབས་རྗེས་མར་ང་ཚོས་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་ཞན་ཆ་གང་མགྱོགས་བསལ་ནས། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་གི་ཡིན”ཞེས་སྐལ་བཟང་གཡུ་སྒྲོན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།