དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་རྒྱུན་མཐུད་སློབ་གསོ་པུས།

    དར་མའི་དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་གི་སློབ་མའི་སྦྱངས་འབྲས་ནང་འཇུག་དང་འཚོལ་བཤེར་གྱི་གནད་དོན་ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-27

    ཉེ་ཆར་གསར་འགོད་པ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་རྒྱུན་མཐུད་སློབ་གསོ་པུའུ་རུ་སྐྱོད་སྐབས་ལས་དོན་མི་སྣས་གོ་རིམ་ལྡན་པའི་ངང་2020ལོའི་སློབ་མའི་སྦྱངས་འབྲས་ཀྱི་རེའུ་མིག་ལ་ལྟ་བཞིན་ཡོད་པ་མཐོང་།

    བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་རྒྱུན་མཐུད་སློབ་གསོ་པུའི་ཀྲུའུ་རེན་བསོད་ནམས་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྔོན་ཆད་སློབ་མ་ཞིག་གི་རིག་ཚན་ཚང་མའི་སྦྱངས་འབྲས་འཚོལ་དགོས་ན་ལོ་གསུམ་གྱི་སྦྱངས་འབྲས་རེའུ་མིག་ནས་རེ་རེ་བཞིན་འཚོལ་དགོས་པས་དུས་ཚོད་མང་པོ་འགོར་གྱི་འདུག “ད་ཆ་འཛིན་གྲྭ་ཚང་མར་སྦྱངས་འབྲས་ཀྱི་སྤྱི་བསྡོམས་རེའུ་མིག་རེ་ཡོད་པས། འཛིན་གྲྭ་དེའི་རེའུ་མིག་ནས་སློབ་མའི་ཨང་རྟགས་དང་རུས་མིང་བཙལ་ཚེ་སློབ་མ་དེའི་ལོ་གསུམ་རིང་གི་རིག་ཚན་ཚང་མའི་གྲུབ་འབྲས་འཚོལ་ཐུབ”

    ཤེས་རྟོགས་བྱུང་བར་གཞིགས་ན། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་རྒྱུན་མཐུད་སློབ་གསོ་པུའི་སློབ་དོན་ཚན་ཁག་གིས་དར་མའི(ལས་ཞོར)དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་གི་སློབ་མའི་ཡིག་རྒྱུགས་སྐར་གྲངས་ནང་འཇུག་དང་འཚོལ་བཤེར་གྱི་རྙོག་འཛིང་ཆེ་བའི་གནད་དོན་དག་ཐེར་བྱས་ཡོད། “ང་ཚོས་རྒྱུན་མཐུད་སློབ་གསོ་པུའི་ཏང་སྲིད་མཉམ་འབྲེལ་ཚོགས་འདུ་འཚོགས་ནས་ལས་དོན་དེ་ལེགས་སྒྲུབ་བྱས་ཚུལ་ལ་ཞིབ་འཇུག་བྱས་ཏེ་བཅོས་སྒྲིག་བྱས་ཚུལ་སློབ་གྲྭའི་བརྗོད་དོན་གཙོ་བོའི་སློབ་གསོ་གཞུང་ལས་ཁང་ལ་སྙན་སེང་ཞུས་ནས་དག་ཐེར་གནད་ལ་འཁེལ་པོ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན”ཞེས་བསོད་ནམས་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།