དབུ་ཤོག>བོད་ལུགས་གསོ་རིག
  • བོད་ཀྱི་གསོ་བ་རིག་པའི་བསྟན་བཅོས་གྲགས་ཅན《དཔལ་ལྡན་རྒྱུད་བཞི》དེ《འཛམ་གླིང་དྲན་ཤེས་མིང་གཞུང》ནང་བདམས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-05-30

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉིན་ཤས་གོང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་དཔེ་རྙིང་ཤུལ་བཞག་ཁག་64《འཛམ་གླིང་དྲན་ཤེས་མིང་གཞུང》ནང་འཇུག་རྒྱུ་ཁྱབ་བསྒྲགས་བྱས་པའི་ནང་། ཀྲུང་གོས་སྒྲིག་འཛུགས་བྱས་ནས་འདུན་ཞུ་ཕུལ་བའི་བོད་ཀྱི་གསོ་བ་རིག་པའི་བསྟན་བཅོས་གྲགས་ཅན《དཔལ་ལྡན་རྒྱུད་བཞི》དང《ཨའོ་མོན་ཀུན་བདེ་གླིང་གི་ཡིག་ཚགས་དང་བྲིས་མ(1645-1980)》དཔེ་རྙིང་ཡིག་ཚགས་གཉིས་ཚུད་ཡོད་པ་རེད།

    《དཔལ་ལྡན་རྒྱུད་བཞི》ནི་དུས་རབས་8པ་ནས་12པའི་བར་བརྩམས་ཤིང་། དེ་ནི་བོད་ཀྱི་གསོ་བ་རིག་པའི་རྨང་གཞིའི་བསྟན་བཅོས་ཤིག་ཡིན། དཔེ་རྙིང་དེ་ལས་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་རྗེས་ཤུལ་ཕྱོགས་ཡོངས་ནས་མཚོན་པ་མ་ཟད། བོད་ཀྱི་གསོ་བ་རིག་པ་ཁྱབ་གདལ་དང་འཕེལ་རྒྱས་གཏོང་བར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་ཡོད།ད་ཐེངས《འཛམ་གླིང་དྲན་ཤེས་མིང་གཞུང》ནང་བདམས་པའི་1546ལོའི“གྲྭ་ཐང་ཤིང་པར་མ”དང་། 1640ལོའི“རྟག་བརྟན་ཤིང་པར་མ”1662ལོའི“དགའ་ལྡན་ཕུན་ཚོགས་གླིང་ཤིང་པར་མ”1892ལོའི“ལྕགས་པོ་རིའི་ཤིང་པར་མ”1942ལོའི“གསེར་བྲིས་མ”བཅས་པར་མ་མི་འདྲ་བ་ལྔའི《དཔལ་ལྡན་རྒྱུད་བཞི》ནི་དུས་སྐབས་མི་འདྲ་བར་དཔེ་བསྡུར་དང་བཀས་བཅད་བྱས་པའི་བྲིས་མ་ཞིག་རེད།

    ཚེས་25ཉིན། སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་གཞུང་ཕྱོགས་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལག་བསྟར་ཅུས་ཀྱིས་ཚེས་24ཉིན་རྒྱལ་ཁབ་དང་རྩ་འཛུགས་56གི་དཔེ་རྙིང་ཤུལ་བཞག་64《འཛམ་གླིང་དྲན་ཤེས་མིང་གཞུང》ནང་འཇུག་རྒྱུའི་གཅིག་གྱུར་གཏན་འབེབས་བྱས་པ་རེད། དེ་ནས་བཟུང་མིང་གཞུང་དེའི་ནང་གི་དཔེ་རྙིང་ཤུལ་བཞག་གྲངས་འབོར་494ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།