དབུ་ཤོག>བོད་ལུགས་གསོ་རིག
  • བོད་སྨན་མང་པོ་སྨན་བཅོས་འགན་བཅོལ་གྱི་ནང་བཅུག་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-05-06

    微信图片_20230506165624.png

    བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྒྲིག་གཞི། དེ་བཞིན་འགན་བཅོལ་ལ་ཞུགས་མཁན་ནད་པའི་བོད་སྨན་གྱི་དགོས་མཁོ་སྔར་བས་བསྐངས་ཆེད། ཉེ་བའི་ལོ་ཤས་རིང་། བོད་ཀྱི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ལ་སྟབས་བསྟུན་ལེགས་སྒྲིག་བྱས་ཡོད། 

    གདེང་འཇོག་ཡག་པོ་ཐོབ་པ།

    རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་སྨན་བཅོས་འགན་བཅོལ་གྱི་རྩིས་རྒྱག་སའི་སྐར་ཁུང་དུ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ནས་ཡིན་པའི་རྒན་འཁོགས་བསོད་ནམས་གྲགས་པས་སྐར་མ་གཉིས་ཀྱི་ནང་དུ་སྨན་བཅོས་འགན་བཅོལ་ནས་སྨན་རིན་རྩིས་བརྒྱབ་ཟིན་པས། སྟབས་བདེ་བའི་ཞབས་འདེགས་ལ་རྒན་འཁོགས་ཀྱི་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་ཡོད། 

    བོད་སྨན་སྨན་བཅོས་འགན་བཅོལ་གྱི་ནང་དུ་བཅུག་པ།

    གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་ཕུད། མིག་སྔར་རང་ལྗོངས་ཀྱི་གནས་གཏན་འཁེལ་གྱི་སྨན་རྫས་སིལ་ཚོང་ཁང་དུའང་བོད་སྨན་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་སུ་བཅུག་ཡོད་པ་རེད། 

    བོད་སྨན་གྱི་སྣ་ཁ། 

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་དཀར་ཆག་གི་ནང་དུ་བཅུག་པའི་རྒྱལ་སྨན་འཁྲོལ་ཡིག་ཏུ་བོད་སྨན་སྣ་ཁ་147དང་། བོད་སྨན་ལས་སྣོན་སྨན་རྫས་སྣ་ཁ་983 བོད་སྨན་བཏུང་བྱ་སྣ་ཁ་217བཅས་ཟིན་ནས་སྨན་བཅོས་འགན་བཅོལ་ནས་སྨན་ཉོ་བའི་འགན་ལེན་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད་པ་རེད།

    འབྱུང་འགྱུར་ལ་རེ་བས་ཁེངས་པ། 

    རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཐོབ་ཐང་འགན་སྲུང་དང་སྨན་དང་སྨན་བཅོས་ཞབས་ཞུ་དོ་དམ་ཁྲུའི་ཁྲུའུ་ཀྲང་གཞོན་པ་རྡོ་མོས། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩས་རིམ་རྩིས་བྱས་ན་ནད་པ་མི་ཐེངས་ཁྲི་310ལ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྨན་བཅོས་འགྲོ་གྲོན་སྒོར་དུང་ཕྱུར་9.2བཏང་ཡོད། སླད་ཕྱིན་ད་དུང་བོད་སྨན་དེ་བས་མང་བ་འགན་བཅོལ་གྱི་ཁྱབ་ཁོངས་སུ་བཅུག་ནས། བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་རེད་ཅེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།