དབུ་ཤོག>བོད་ལུགས་གསོ་རིག
  • 《བོད་རང་སྐྱོང་ལྗོངས་ཀྱི་བོད་སྨན་འདུལ་སྦྱོང་ཚད་གཞི》(རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེའི་པར་གཞི)ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-19

    ཉེ་ཆར། 《བོད་རང་སྐྱོང་ལྗོངས་ཀྱི་བོད་སྨན་འདུལ་སྦྱོང་ཚད་གཞི》(རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེའི་པར་གཞི)དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《བོད་རང་སྐྱོང་ལྗོངས་ཀྱི་བོད་སྨན་འདུལ་སྦྱོང་ཚད་གཞི》ཡི་ནང་རྩི་ཤིང་གི་སྨན་རྒྱུ་སྣ་ཁ་62དང་། གཏེར་རྫས་ཀྱི་སྨན་རྒྱུ་སྣ་ཁ་73 སྲོག་ཆགས་ཀྱི་སྨན་རྒྱུ་སྣ་ཁ་47བཅས་བོད་སྨན་གྱི་སྨན་རྒྱུ་སྣ་ཁ་182འདུལ་སྦྱོང་གི་ཚད་གཞི་བསྡུ་འགོད་བྱས་ཤིང་། སྨན་རྒྱུའི་འབྱུང་ཁུངས་གསལ་པོར་འགོད་པ་དང་། འདུལ་སྦྱོང་ལག་རྩལ་གྱི་གཙོ་གནད་ཞིབ་ཚགས་སུ་གཏོང་བ། མིང་ཚིག་དང་ཐ་སྙད་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་ཞིབ་སྤེལ་དང་། ཐོན་སྐྱེད། བེད་སྤྱོད་བཅས་ཁྲོད་ཀྱི་བོད་སྨན་གྱི་སྤུས་ཚད་ཚོད་འཛིན་དང་བདེ་འཇགས་འགན་ལེན་བྱེད་པར་ཚད་གཞི་ནུས་ལྡན་མཁོ་འདོན་བྱས་ཡོད། དེ་ལས་བོད་སྨན་གྱི་ཚད་ལྡན་ཅན་དང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་བོད་ལུགས་གསོ་རིག་དང་བོད་སྨན“ཕྱིར་སྐྱོད་པར”ཤུགས་རྐྱེན་ཡག་པོ་ཐེབས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།