དབུ་ཤོག>བོད་ལུགས་གསོ་རིག
  • རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་བརྟག་ཞིབ་ཚོགས་ཆུང་གིས་བོད་དུ་བརྟག་ཞིབ་བྱས་པ་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ལྟེ་གནས(བོད་ལུགས་གསོ་རིག)(གྲབས་གསོག)ཀྱི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-18

    ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའི་ཁོངས་མི་དང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཏང་ཙུའི་ཧྲུའུ་ཅི། ཅུས་ཀྲང་གཞོན་པ་བཅས་ཡིན་པའི་ཡུས་གཡན་ཧུང་གིས་རུ་སྣེ་ཁྲིད་པའི་བརྟག་ཞིབ་ཚོགས་ཆུང་རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཀྲུང་ལུགས་གསོ་རིག་ཚན་ཁག་བཅས་སུ་ཕེབས་ནས་བརྟག་ཞིབ་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པ་དང་། ཡུས་གཡན་ཧུང་དང་ལུའོ་མེས་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ལྟེ་གནས(བོད་ལུགས་གསོ་རིག)(གྲབས་གསོག)ཀྱི་སྒོ་བྱང་གི་ཁེབས་ཡོལ་ཕྱེ་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་བླང་བྱ་བཏོན་དོན། བོད་ལུགས་གསོ་རིག་གི་སྲོལ་རྒྱུན་སྨན་བཅོས་ལག་རྩལ་དང་དེང་རབས་གསོ་རིག་ལག་རྩལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བོད་ལུགས་གསོ་རིག་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། སྨན་བཅོས་ཞབས་ཞུ་ལེགས་སུ་གཏོང་བ། ཕྱི་ཕྱོགས་སུ་ཁྲོམ་ར་རྒྱ་ཆེར་གཏོང་བ། ཚན་ཁག་སྟོབས་ཆེར་གཏོང་བ། གྲངས་གཞིའི་སྨན་བཅོས་འཕེལ་རྒྱས་གཏོང་བ། མ་རྒྱུ་འགན་ལེན་ལ་ཤུགས་སྣོན་རྒྱག་པ། དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། སྤུས་རྟགས་གཏོད་པ་བཅས་བྱས་ནས། བོད་ལུགས་གསོ་རིག་བྱ་གཞག་དང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། ལེགས་ཆ་ལྡན་པའི་རིག་གཞུང་ཚན་ཁག་རྒྱ་སྟོབས་ཆེ་རུ་གཏོང་བ་དང་རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་ཀྱི་བྱེད་སྒོ་ཡག་པོ་སྤེལ་ནས། བོད་ལུགས་གསོ་རིག་དང་འཇོན་ཐང་ཆེ་བའི་ཤེས་ལྡན་པ་གསོ་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། རིག་གནས་ཤུལ་བཞག་ཉམས་གསོ་དང་ཕྱི་ཕྱོགས་སྒོ་དབྱེའི་ལས་དོན་ཡག་པོ་བསྒྲུབས་ནས་བོད་ལུགས་གསོ་རིག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།