དབུ་ཤོག>བོད་ལུགས་གསོ་རིག
  • རྒྱལ་སྤྱིའི་ཐོག་བོད་སྨན་གྱི་ཤུགས་རྐྱེན་ཐེབས་ཤུཊ་ཆེ་རུ་གཏོང་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-03-09

    微信图片_20230309163027.jpg

    གསར་དུ་བདམས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་རིག་ཚན་འཛུགས་སྐྱོང་དང་སློབ་གནས་གཞུང་ལས་ཁང་གི་ཀྲུའུ་རེན་སྨིན་སྐྱིད་མཚོ་མོས། ད་ཐེངས་བོད་ལུགས་གསོ་རིག་གི་རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་དང་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང《ཏོག་དབྱིབས་ནད་དུག་གསར་པའི་འགོ་ནད་སྨན་བཅོས་ཀྱི་ཕྱོགས་སྟོན》ནང་བདེ་འཇགས་དང་ནུས་ལྡན་གྱི་བོད་སྨན་འཇུག་པར་སྐུལ་ལྕག་བྱེད་དགོས་པའི་སྐོར་གྱི་འབྲེལ་ཡོད་གྲོས་གཞི་ཕུལ་བ་ཡིན།  དུས་རབས་གསར་པར་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་ནས་རྣམ་པ་གསར་རྐྱང་ཞིག་མངོན་ཡོད། འོན་ཀྱང་མིག་སྔར་བོད་ཀྱི་བོད་ལུགས་གསོ་རིག་འཕེལ་རྒྱས་ལ་སྔར་བཞིན་ཚད་བཀག་རང་བཞིན་ངེས་ཅན་ལྡན་ཡོད། བོད་ལུགས་གསོ་རིག་གི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དེ་བས་འཐུས་སྒོ་ཚང་བའི་བོད་ལུགས་གསོ་རིག་གི་གྲངས་གཞིའི་མཛོད་འཛུགས་པ། ཕྱི་སྦྱོང་སློབ་མའི་སློབ་གླིང་འཛུགས་པ། རིམ་པ་མི་འདྲ་བའི་རྒྱལ་སྤྱིའི་བོད་ལུགས་གསོ་རིག་གི་བགྲོ་གླེང་ཚོགས་འདུ་གཉེར་རྒྱུར་རྒྱབ་སྐྱོར་དང་སྐུལ་ལྕག་བཅས་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཀྲུང་གོའི་བོད་ལུགས་གསོ་རིག་གི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བའི་རེ་བ་ཡོད་ཅེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།