དབུ་ཤོག>བོད་ལུགས་གསོ་རིག
  • མི་རིགས་ཀྱི་བོད་སྨན་ཁེ་ལས་རྩེ་གྲ་གཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-03

    ཉེ་ཆར་གསར་འགོད་པ་བོད་ཀྱི་གཞུང་ཁོངས་ཁེ་ལས་ཚོགས་པ་12ཀྱི་གྲས་ཤིག་ཡིན་པའི་བོད་ལྗོངས་བདུད་རྩི་བོད་སྨན་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སིར(གཤམ་དུ“བདུད་རྩི་ཚོགས་པ”ཞེས་བསྡུ་རྒྱུ)བཅར་འདྲི་བྱེད་སྐབས། ཁོང་ཚོས་དཀའ་སྤྱད་སྙིང་རུས་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་བོད་སྨན་ཁེ་ལས་རྩེ་གྲ་གཏོད་པའི་ཡིད་ཆེས་དང་ཆོད་སེམས་ཚོར་བྱུང་།

    ཚོགས་པའི་གཞུང་ལས་ཁུལ་དུ་སྐྱོད་སྐབས། “བོད་སྨན་ཁེ་ལས་རྩེ་གྲ་གཏོད་དགོས”ཞེས་པའི་ཧ་ཅང་མངོན་གསལ་དོད་པའི་ཡིག་འབྲུ་དམར་པོ་ཁ་ཤས་མིག་ལམ་དུ་འཆར། “དེ་ནི་ང་ཚོའི་ཚོགས་པའི་དམིགས་ཚད་རེད” བདུད་རྩི་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཏུང་ཧྲི་ཧོ་ཁའེ་སུང་གིས། དམིགས་ཚད་གྱང་སྟེང་དུ་བཀོད་པ་དེས་ཚང་མར་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད་ཅེས་བཤད།

    རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཀྱི་འགན་འཁྲི་འཁུར་བ།

    ཕྱོགས་བསྡུས་སྨན་རྫས་ལས་སྣོན་འཁོར་ཁང་གི་རིལ་བཟོ་ཁང་དུ་འཕྲུལ་ཆས་ཀྱི་ལྡིར་སྒྲ་ལྷང་ལྷང་དུ་གྲགས་བཞིན་སྨན་གྱི་དྲི་ཞིམ་གང་སར་འཐུལ། རིལ་རྩི་གཏོང་བའི་འཕྲུལ་འཁོར་ནང་མུ་ཏིག་བདུན་ཅུ་རེ་རེ་དབྲིལ་བཞིན་ཡོད་པ་དང་། རིལ་བཟོའི་ལས་གནས་ཀྱི་ཙུའུ་ཀྲང་འཕྲིན་ལས་སྒྲོལ་མས་རིལ་བུ་སྦར་མོ་གང་བླངས་ནས་དེའི་ཆེ་ཆུང་དང་བཟོ་ལྟ་སོགས་ལ་ལྟ་ཞིབ་ཡང་ཡང་བྱས།

    “ང་ཚོས་རིལ་བུ་ཚང་མའི་སྤུས་ཚད་འགན་ལེན་བྱེད་དགོས”བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འགན་འཁུར་བ་བུ་ཆུང་ཚེ་རིང་གིས“རིལ་བུ་ཆུང་ནའང་དེའི་ནང་ལོ་ངོ་སྟོང་ཕྲག་ལྡན་པའི་བོད་ཀྱི་གསོ་བ་རིག་པའི་བློ་གྲོས་ལྡན་ཡོད”ཅེས་བཤད།

    བོད་ཀྱི་བོད་སྨན་སྣེ་འདྲེན་ཁེ་ལས་ཤིག་ཡིན་པའི་བདུད་རྩི་ཚོགས་པ་ནི་དེའི་ཡན་ལག་ཀུང་སི་གཙོ་བོ་བོད་ལྗོངས་བདུད་རྩི་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་རྨང་གཞིའི་ཐོག་བཙུགས་པ་ཞིག་རེད། མུ་ཏིག་བདུན་ཅུ་ཙམ་མ་ཟད། བདུད་རྩི་རྟགས་ཅན་གྱི་བོད་སྨན་ཚང་མ་གངས་ལྗོངས་ས་མཐོའི་སྨན་པ་གྲགས་ཅན་གྱི་གནའ་བོའི་སྨན་སྦྱོར་བྱེད་ཐབས་ལས་བྱུང་། གནའ་བོའི་སྨན་སྦྱོར་བྱེད་ཐབས་ལ་བརྟེན་པའི་བོད་སྨན་ཐོན་སྐྱེད་བརྒྱུད་རིམ་ནང་བདུད་རྩི་ཚོགས་པས་ཀྱང་བོད་ཀྱི་གསོ་བ་རིག་པའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གྱི་འགན་འཁྲི་རང་རྟོགས་ངང་འཁུར་ཡོད་ཅིང་། མིག་སྔར་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ཐོན་རྫས་བྲིན་ཚོང་བསྡོམས་འབོར་གྱིས་སྤྱིའི་བྲིན་ཚོང་བསྡོམས་འབོར་གྱི་60%ཡན་བཟུང་ཡོད།

    བདུད་རྩི་རྟགས་ཅན་གྱི་བོད་སྨན་རིག་གནས་འགྲེམས་སྟོན་ཁང་དུ་སྐྱོད་སྐབས། མིག་ལམ་དུ་འཆར་བ་ནི“མུ་ཏིག་བདུན་ཅུའི་སྨན་སྦྱོར་ལག་རྩལ”ལ་2008ལོར་ཐོབ་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་བྱང་བུ་དེ་རེད། འགྲེམས་སྟོན་ཁང་ནང་སྲོལ་རྒྱུན་གྱི་སྨན་སྦྱོར་ཡོ་བྱད་རྙིང་པ་ཡོད་ལ་ཆེས་གསར་བའི་དེང་རབས་ཀྱི་སྨན་བཅོས་ཡོ་བྱད་ཀྱང་ཡོད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བཏོན་ཡོད། “ངས་བཟོ་བོའི་སྙིང་སྟོབས་རྒྱུན་འཛིན་དང་བོད་ཀྱི་གསོ་བ་རིག་པའི་རིག་གནས་དར་སྤེལ་བཏང་སྟེ་ལས་གནས་ལ་གཞི་ཚུགས་ནས་སྤུས་ལེགས་ཀྱི་བོད་སྨན་ཐོན་རྫས་དེ་བས་མང་བ་བཟོ་རྒྱུ་ཡིན”ཞེས་བུ་ཆུང་ཚེ་རིང་གིས་བཤད།

    ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་ནུས་པ་འདོན་པ།

    བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་གཞུང་དོན་ཁང་ནས“ཨུཏྤལ་སྔོན་པོའི་ཆེད་དོན་ཚོགས་ཆུང”ལ་གསར་འགོད་པའི་དོ་སྣང་ཆེན་པོ་བྱུང་ཞིང་།

    བོད་ཀྱི་གསོ་བ་རིག་པའི་ཚན་རྩལ་ཞིབ་འཇུག་གསར་སྤེལ་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། བདུད་རྩི་ཚོགས་པས་བདུད་རྩི་གསོ་རིག་ཚན་རྩལ་ཀུང་སི་བཙུགས་པ་རེད། “ཨུཏྤལ་སྔོན་པོའི་ཆེད་དོན་ཚོགས་ཆུང”ནི་སྟོངས་ལ་ཉེ་བའི་སྨན་རྩྭ་ཨུཏྤལ་སྔོན་པོ་མི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱ་ཆེད་བཙུགས་པ་ཞིག་རེད།

    བདུད་རྩི་གསོ་རིག་ཚན་རྩལ་ཀུང་སིའི་ལག་བསྟར་ཏུང་ཧྲེ་སྐལ་བཟང་ནོར་བུས། ཀུང་སི་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས“སྟོངས་ལ་ཉེ་བའི་སྨན་རྩྭ་ཨུཏྤལ་སྔོན་པོ་མི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱེད་པའི་འགག་རྩའི་ལག་རྩལ་ཞིབ་འཇུག”རྣམ་གྲངས་མཉམ་དུ་འདུན་ཞུ་བྱས་ཤིང་། མིག་སྔར་སོན་དང་སོན་མྱུག་གསོ་སྤེལ་ལག་རྩལ་ཞིབ་འཇུག་ལས་དོན་ལེགས་སྒྲུབ་ཟིན་ནས་ཨུཏྤལ་སྔོན་པོའི་སོན་རྒྱུའི་ཐོན་ཁུངས་དང་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་ཐུབ་སྟེ། མིག་སྔའི་དུས་མཚམས་སུ་སྨན་རྩྭ་ཐོན་ལས་ཅན་དུ་འགྱུར་མི་ཐུབ་པའི“འཇུར་མིག”གི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད་ཅེས་བཤད།

    སྐལ་བཟང་ནོར་བུས། ཁེ་ལས་དང་ལྷག་པར་དུ་སྨན་རྫས་ཁེ་ལས་ཀྱིས་གསར་གཏོད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས། ཁེ་ལས་ཀྱིས་ཚན་རིག་དང་མཐུན་པའི་བྱ་ཐབས་ལ་བརྟེན་ནས་བོད་སྨན་གྱི་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན་ལ་ཚོད་ལྟས་ར་སྤྲོད་བྱས་པ་དང་འབྲེལ་བརྒྱུད་རིམ་དེའི་ཁྲོད་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    མིག་སྔར“བོད་རང་སྐྱོང་ལྗོངས་བོད་སྨན་དེང་རབས་ཅན་ལག་རྩལ་གསར་གཏོད་ལྟེ་གནས”དེ་བདུད་རྩི་ཚོགས་པའི་ནང་བཙུགས་ཡོད་པ་དང་། “སླད་ཕྱིན་ང་ཚོས་ཚན་རྩལ་གསར་གཏོད་ཁྲོད་ཀྱི་ཁེ་ལས་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་བྱས་ནས་ཐོན་ལས་འཁོར་སྦྲེལ་དང་གསར་གཏོད་འཁོར་སྦྲེལ་མཉམ་འདྲེས་ལ་སྔར་བས་སྐུལ་འདེད་བཏང་སྟེ་མི་དམངས་ཀྱི་བདེ་ཐང་འཚོ་བར་ཞབས་འདེགས་ཞུ་གི་ཡིན”ཞེས་སྐལ་བཟང་ནོར་བུས་བཤད།

    ཐོན་ལས་ཀྱི་བཀོད་པ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ།

    གནའ་བོའི་བོད་ཀྱི་གསོ་བ་རིག་པའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པ་དང་དུས་མཚུངས་བདུད་རྩི་ཚོགས་པས་དོན་དངོས་ལ་གཞི་ཚུགས་པ་དང་བོད་སྨན་ཐོན་རྫས་གཙོ་བོར་བྱས་ཏེ་སྨན་རྩྭ་འདེབས་འཛུགས་དང་། བོད་སྨན་ཞིབ་བཟོ། ཐོན་སྐྱེད། བྲིན་ཚོང་སོགས་ཚུད་པའི་གཙོ་རྒྱུའི་ཐོན་ལས་འཁོར་སྦྲེལ་ཆ་ཚང་ཞིག་རིམ་བཞིན་བཏོད་པ་མ་ཟད། ད་དུང་གསོ་རིག་ཚན་རྩལ་དང་སྨན་རྩྭའི་ཐོན་ཁུངས་ཀྱི་ལས་སྒོ་ཆེ་གྲས་གཉིས་མང་དུ་བཏང་བས་ཐོན་ལས་ཀྱི་བཀོད་པ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད།

    ད་ཆ་བདུད་རྩི་ཚོགས་པའི་རྒྱ་ཁྱོན་མུའུ་100ལྷག་ཙམ་ཟིན་པའི་བཟོ་གྲྭའི་ནང་སྨན་སྦྱོར་ཐོན་སྐྱེད་ལས་རིམ་ལྔ་དང་འཐུང་བྱའི་ཐོན་སྐྱེད་ལས་རིམ་གཅིག་ལ་ལོ་རེར་བོད་སྨན་ཏུན་220ཐོན་སྐྱེད་ཐུབ་པའི་ནུས་པ་ལྡན་ཡོད། ཀུང་སི་དེར་རྒྱལ་ཁབ་ཀྱི་སྨན་རྫས་ཆོག་འཐུས་ཨང་རྟགས་ཡོད་པའི་སྨན་སྣ་ཁ་55དང་། རྒྱལ་ཁབ་ཀྱི་ཁེ་བེད་བདག་ཐོབ་ཡོད་པའི་རྣམ་གྲངས་26 རྒྱལ་ཁབ་ཀྱི་གསང་བའི་ལག་རྩལ་སྣ་ཁ་1 རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་1བཅས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།