དབུ་ཤོག>བོད་ལུགས་གསོ་རིག
  • “བོད་སྨན་གྱི་ཚད་གཞིའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིའི”སྨན་སྣ་ཁ་152ཀྱི་ཚད་གཞིར་ཞིབ་འཇུག་ལེགས་གྲུབ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-27

     ཉེ་ཆར། “བོད་སྨན་གྱི་ཚད་གཞིའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི”ཞིབ་བཤེར་རྩིས་ལེན་གྱི་ཚོགས་འདུ་ལྷ་སར་འཚོགས་ཤིང་། སྨན་སྣ་ཁ་152ཀྱི་ཚད་གཞིར་ཞིབ་འཇུག་ལེགས་གྲུབ་བྱུང་བའི་ནང་ས་གནས་ཀྱི་ཚད་གཞི་112ཡོད་པ་དག་2023ལོའི་ཟླ་དང་པོ་ནས་ལག་ལེན་བསྟར་བ་དང་། བོད་སྨན་གྱི་རྒྱུ་ཆ་དང་། བོད་སྨན་སྦང་ཁུ། བོད་ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞིའི་སྨན་སྦྱོར་ཚད་གཞི་སོགས་ཚུད་པ་ཁྱབ་བསྒྲགས་བྱས་ཤིང་། བྱུ་དམར་བདུན་ཅུ་དང་གངས་ལྷ་མེ་ཏོག་སོགས་བོད་སྨན་གྱི་རྒྱུ་ཆ་དང་བོད་སྨན་གྲུབ་མ་སྣ་ཁ་40ཡི་རྒྱལ་ཁབ་ཀྱི་ཚད་གཞི་གོ་རིམ་ལྟར་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུས་ལ་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་ཕུལ་ཡོད།

    ཞིབ་བཤེར་རྩིས་ལེན་ཚོགས་འདུའི་ཐོག་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས“བོད་སྨན་གྱི་ཚད་གཞིའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི”དེས་བོད་ལུགས་གསོ་རིག་གི་སྨན་བཅོས་དང་བོད་སྨན་ཐོན་ལས་འཕེལ་རྒྱས་ཚད་ལྡན་ཅན་གྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོར་དམ་པོར་དམིགས་པ་དང་། ཞིབ་འཇུག་བྱ་ཐབས་སྤྱོད་གོ་ཆོད་པ། ཞིབ་འཇུག་གི་བརྒྱུད་རིམ་ཚད་དང་ལྡན་པ་བཅས་ལས་སླད་ཕྱིན་བོད་སྨན་གྱི་སྤུས་ཚད་དང་ཚད་གཞིར་ཞིབ་འཇུག་བྱེད་པར་དཔེ་སྟོན་གྱི་ནུས་པ་ཐོན་རྒྱུའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།