དབུ་ཤོག>བོད་ལུགས་གསོ་རིག
  • བོད་ཀྱི་ཤང་གྲོང་འཕྲོད་བསྟེན་ཁང་དུ་བོད་ཀྱི་གསོ་བ་རིག་པའི་ཞབས་འདེགས་ཁྱབ་ཚད་90%ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-19

     ཚེས་17ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། མིག་སྔར་བོད་དུ་གཞུང་བཙུགས་བོད་ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞི་44བར་མང་དུ་ཕྱིན་པ་དང་རྒྱལ་ཁབ་བཟའ་བཅའ་སྨན་རྫས་ལྟ་འདོམས་ཅུས་ཀྱི་འཁྲོལ་འཛིན་ཡིག་རྟགས་ལྡན་པའི་བོད་སྨན་311ཡོད་ཅིང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་ལ་བོད་ཀྱི་གསོ་བ་རིག་པའི་ཞབས་འདེགས་ཁྱབ་ཚད་སོ་སོར་94.4%དང་42.4%ཟིན་ཏེ། སྲོལ་རྒྱུན་གྱི་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་བྱུང་བའི་ཁར་ས་མཐོའི་མང་ཚོགས་ཀྱི་འཕྲོད་བསྟེན་བདེ་ཐང་ལ་འགན་ལེན་ནུས་ལྡན་བྱུང་ཡོད།

    བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་རིམ་པ་དང་པོའི་སྐོར་གཟིགས་པ་བུ་ཆུང་གིས། བོད་ཀྱི་གསོ་བ་རིག་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་གསོ་བ་རིག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་བོད་ཀྱིས་བོད་ཀྱི་གསོ་བ་རིག་པའི“འཛམ་གླིང་གི་རྩེ་གྲ་བཞི”གཏོད་པར་དམིགས་ཏེ“སྙིང་བཅུད་རྒྱུན་འཛིན་དང་དྲང་སྲུང་གསར་གཏོད”རྩ་བའི་འགོ་འཛུགས་སར་བརྩིས་ནས། བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཀྱི་ལག་བསྟར་ཇུས་གཞི་བཟོས་ནས་སྐུལ་འདེད་བཏང་བ་དང་། ལོ་ལྟར་ཆེད་དོན་མ་དངུལ་འཕོན་ཆེན་བཏང་སྟེ། བོད་ཀྱི་གསོ་བ་རིག་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྤྱད་པ་བརྒྱུད། སྨན་བཅོས་དང་། སློབ་གསོ། ཚན་ཞིབ། རིག་གནས། ཐོན་ལས་འཕེལ་རྒྱས་བཅས་ལ་བརྟེན་ནས་བོད་ཀྱི་གསོ་བ་རིག་པའི་བྱ་གཞག་གི་རྣམ་པ་གསར་པ་བཏོད་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    བོད་ཀྱི་གསོ་བ་རིག་པའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་ཐད་ལྗོངས་ཡོངས་ཀྱི་གཞུང་བཙུགས་བོད་ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞི་44བར་མང་དུ་ཕྱིན་པ་དང་། དེའི་ནང་སྨན་རྩིས་ཁང་4“རིམ་གསུམ་ཀ་པ་རིམ་པའི”མི་རིགས་སྨན་ཁང་ལ་བསྐྲུན་ཡོད། ལྗོངས་ཡོངས་ཀྱི་གཞུང་བཙུགས་བོད་ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞིའི་ཁྲོད་རྒྱལ་ཁབ་རིམ་པའི་ནད་ཐོག་གི་གཙོ་གནད་ཆེད་ཚན་5དང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་གཙོ་གནད་ཆེད་ཚན་7 རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་གཙོ་གནད་ཆེད་ཚན་གསོ་སྐྱོང་རྣམ་གྲངས་10བསྐྲུན་ཡོད།

    བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་མི་སྣ་རྩེ་གྲ་གསོ་སྐྱོང་བྱེད་པའི་ཐད་ལྗོངས་ཡོངས་སུ་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭའི་སློབ་གསོས་གཙོ་བོ་བྱེད་པ་དང་། རྒྱུན་འཛིན་གྱི་སློབ་གསོ་དང་རྒྱུན་མཐུད་སློབ་གསོས་རམ་འདེགས་བྱེད་པའི་བོད་ཀྱི་གསོ་བ་རིག་པའི་སློབ་གསོའི་མ་ལག་ཅིག་ཆགས་ཡོད། རྒྱལ་ཡོངས་ཙམ་མ་ཟད་གོ་ལ་ཧྲིལ་པོའི་བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞིའི་ངོས་ནས་བོད་ལྗོངས་གསོ་རིག་སློབ་ཆེན་བཙུགས་པ་ནས་བཟུང་། སྤྱི་ཚོགས་ལ་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་ཤེས་ལྡན་མི་སྣ་7000ལྷག་ཙམ་གསོ་སྐྱོང་བྱས་པ་དང་། དེའི་ནང་རབ་འབྱམས་པའི་ཞིབ་འཇུག་སློབ་མ་265དང་འབུམ་རམས་པའི་ཞིབ་འཇུག་སློབ་མ་33ཚུད་ཡོད། བོད་ཀྱིས་རྒྱལ་ཡོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་རིགས་གཅིག་མཁས་ཅན་རྒན་རབས་གྲགས་ཅན་གྱི“དགེ་རྒན་གྱིས་དགེ་ཕྲུག་ཁྲིད་ནས་ཤུལ་འཛིན་བྱེད་པའི”རྣམ་གྲངས་ལག་བསྟར་བྱས་པའི་ནང་དགེ་ཕྲུག་72དངོས་སུ་རང་མགོ་ཐོན་ཡོད། གཞི་རིམ་དུ་བོད་ཀྱི་གསོ་བ་རིག་པའི་ཕྱག་རྒྱུན་འཛིན་མཁན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པ་བརྒྱུད། ཕྱག་རྒྱུན་འཛིན་མཁན་990ལ《རང་མགོ་ཐོན་པའི་ཕྱག་རྒྱུན་འཛིན་མཁན་གྱི་ལག་ཁྱེར》སྤྲད་པ་རེད།

    བོད་སྨན་ཐོན་ལས་ཀྱི་ནུས་པ་ཆེར་གཏོང་ཐད་བོད་ཀྱིས་བོད་སྨན་ཐོན་སྐྱེད་ཁེ་ལས་ཚད་གཞི་ཅན་དང་། ཚད་ལྡན་ཅན། གཞི་ཁྱོན་ཅན་བཅས་སུ་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱས་སྟབས་མིག་སྔར་ལྗོངས་ཡོངས་སུ་རྒྱལ་ཁབ་ཀྱི་GMPབདེན་དཔང་ར་སྤྲོད་ཐོབ་པའི་བོད་སྨན་ཁེ་ལས་17བར་འཕེལ་རྒྱས་བྱུང་བ་དང་། བོད་སྨན་ཐོན་སྐྱེད་ལས་ཀ་བྱེད་མཁན་མི་གྲངས་1800ལྷག་ཙམ་ཟིན་པ། ལྗོངས་ཡོངས་ཀྱི་བོད་སྨན་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་17ཟིན་ཡོད།

    བུ་ཆུང་གིས། བོད་ཀྱིས་གསོ་བ་རིག་པའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ཏན་ཏིག་བྱས་སྟབས། ཉེ་བའི་ལོ་ཤས་རིང་བོད་ཀྱི་གསོ་བ་རིག་པའི་གཞུང་ཆེན་གྲགས་ཅན《རྒྱུད་བཞི》བདེ་བླག་ངང“འཛམ་གླིང་གི་དྲན་ཤེས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་མིང་གཞུང”དུ་ཚུད་པ་དང་། “བོད་ཀྱི་གསོ་བ་རིག་པའི་ལུམས། ཀྲུང་གོའི་བོད་རིགས་ཀྱི་ཚེ་སྲོག་བདེ་ཐང་དང་ནད་ཡམས་སྔོན་འགོག་དང་འབྲེལ་བའི་ཤེས་བྱ་དང་ལག་ལེན”མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་དུ་བཅུག་པ། བོད་ཀྱི་གནམ་རིག་སྐར་རྩིས་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གཉིས་པར་བཅུག་སྟེ། བོད་རིགས་མི་དམངས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་ལ་སྲུང་སྐྱོང་ནུས་ལྡན་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།