དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལྗོངས་གསོ་རིག་སློབ་ཆེན་གྱིས་2020ལོའི་སློབ་ཐོན་སློབ་མའི་དབྱར་དུས་ཀྱི་སློབ་གྲྭའི་ལས་མི་བསྡུ་བའི་འདུ་ཚོགས་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-09

    ཚེས་6ཉིན་གྱི་སྔ་དྲོ། བོད་ལྗོངས་གསོ་རིག་སློབ་ཆེན་གྱིས་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་2020ལོའི་སློབ་ཐོན་སློབ་མའི་ཆེད་དུ་སློབ་གྲྭའི་ནང་ས་གནས་ས་ཐོག་ཏུ་ལས་མི་བསྡུ་བའི་འདུ་ཚོགས་གཉེར་ནས། ཁེ་ལས་དང་སློབ་ཐོན་སློབ་མའི་དབར་འབྲེལ་ཟམ་བཙུགས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་སློབ་ཐོན་སློབ་མ་ལས་ཞུགས་བདེ་བླག་ཐུབ་པ་དང་བློ་བདེའི་ངང་སློབ་གྲྭ་དང་གྱེས་ཐུབ་པར་བྱས་པ་རེད།

    ཤེས་རྟོཌ་བྱུང་བར་གཞིགས་ན། བོད་ལྗོངས་གསོ་རིག་སློབ་ཆེན་ལ་2020ལོའི་སློབ་ཐོན་སློབ་མ་ཁྱོན་368ཡོད་པ་དང་། དེའི་ནང་སློབ་མ་114ལས་ཞུཌ་ཐུབ་ཡོད་པ་རེད། ད་ཐེངས་ལས་མི་བསྡུ་བའི་འདུ་ཚོགས་ནང་སློབ་མའི་ལོ་རྒྱུས་མདོར་བསྡུས་ཁྱོན་560འབྱོར་བ་དང་། ཐོག་མའི་ལས་ཞུཌ་ཀྱི་འདོད་འདུན་གཏན་འཁེལ་བའི་སློབ་མ་93ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།