དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་2018ལོའི་སྔོན་འགོག་གསོ་རིག་ཆེད་ལས་ཀྱི་སློབ་མ་ཟླ་བ་ཆོས་སྒྲོན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-25

    “ཕ་མས་གསུངས་པ་ལྟར་ན། 1987ལོའི་ཡས་མས་སུ་ང་ཚོའི་ཁྱིམ་གྱི་འཚོ་བ་ལེགས་སུ་འགྲོ་འགོ་ཚུགས་པ་དང་། འཚོ་བའི་སྤུས་ཚད་ཀྱང་མངོན་གསལ་དོད་པོས་ཡག་ཏུ་ཕྱིན་ཡོད། ད་དུང་ང་ཚོའི་ཁྱིམ་ཚང་ཙམ་མིན་པར་ཉེ་འཁོར་གྱི་མི་ཚང་མང་པོ་ཞིག་གི་འཚོ་བར་ཡང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་འགྲོ་འགོ་ཚུགས་པ་མ་ཟད། གཞུང་ལམ་ཡང་རིམ་བཞིན་ཤར་བགྲོད་ཐུབ་པ་དང་། ཁྱིམ་དུད་ཚང་མར་གློག་ཤར་གཏོང་ཐུབ་པ་མ་ཟད། ཁྱིམ་ཆས་ཀྱང་གང་དགོས་ཚང་མ་འཛོམས་ཡོད”ཅེས་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་2018ལོའི་སྔོན་འགོག་གསོ་རིག་ཆེད་ལས་ཀྱི་སློབ་མ་ཟླ་བ་ཆོས་སྒྲོན་གྱིས་གསར་འགོད་པར་དེ་ལྟར་བརྗོད་པ་དང་། རང་ཉིད་དེང་གི་དུས་རབས་སུ་འཚོ་བ་སྐྱེལ་རྒྱུ་བྱུང་བར་ཟླ་བ་ཆོས་སྒྲོན་གྱིས་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད།

    ཟླ་བ་ཆོས་སྒྲོན་གྱིས་གསར་འགོད་པར་བཤད་དོན། ངས་རྨོ་བོ་ལགས་ཀྱིས་བོད་རྙིང་པའི་མུན་ནག་གི་སྤྱི་ཚོགས་རྟག་པར་གླེང་བ་ཐོས་མྱོང་། བོད་རྙིང་པར་འབངས་མི་སེར་གྱི་འཚོ་བ་ཧ་ཅང་ཉམས་ཐག་ཡིན་ཞིང་། ཞིང་བྲན་བདག་པོའི་གྲལ་རིམ་གྱིས་བོད་ཀྱི་མི་འབོར་གྱི་5%ཡས་མས་ལས་བཟུང་གི་མེད་ནའང་བོད་ཀྱི་ས་ཞིང་དང་། སྒོ་ཕྱུགས། ཁང་པ། རྒྱུ་ནོར་བཅས་ཆ་ཚང་བཟུང་ཡོད་པས། ཞིང་བྲན་རྣམས་ཞིང་བྲན་བདག་པོར་བརྟེན་རྒྱུ་ལས་མ་འདས་སྟབས། ལ་རྒྱ་མེད་ལ་ཐོན་སྐྱེད་རྒྱུ་ཆའང་མེད་པ་དང་མི་ལུས་རང་དབང་ཞེས་པ་དེ་བས་ཀྱང་འགན་ལེན་བྱེད་ཐབས་བྲལ་ཡོད། གང་ལགས་ཤེ་ན། ཁོང་ཚོར་དབང་བའི་ས་ཞིང་སྦར་མོ་གང་ཡང་མེད་པས་རེད། “ལོ་ཆུང་དུས་ང་ནི་གཞིས་ཀ་ཞིག་གི་ཞིང་བྲན་ཡིན། མུན་ནག་གི་སྤྱི་ཚོགས་རྙིང་པར་ཞིང་བྲན་བདག་པོའི་ལས་ཀ་བྱེད་དགོས་པ་དང་ཕྱུགས་འཚོ་དགོས་ཀྱི་ཡོད། འོན་ཀྱང་རང་ཉིད་ལྟོས་གྲོད་པ་རྒྱགས་ཀྱི་མེད་ལ་གོས་ཀྱིས་ལུས་ཀྱང་དྲོས་ཀྱི་མེད་པའི་ཁར། བོགས་ཁྲལ་དང་། མི་ཁྲལ། ག་ཁྲལ་བཅས་སྐྱེལ་དགོས་པ་དང་། སྐྱེལ་མ་ཐུབ་ཚེ་རྟ་ལྕག་གཟེད་དགོས་ཀྱི་ཡོད”ཅེས་ཟླ་བ་ཆོས་སྒྲོན་ལ་རྨོ་བོ་ལགས་ཀྱིས་དེ་ལྟར་བཤད།

    བོད་རྙིང་པའི་མུན་ནག་ལ་རྒྱུས་ལོན་བྱུང་རྗེས་ཟླ་བ་ཆོས་སྒྲོན་གྱིས“ང་ཚོའི་ད་ལྟའི་འཚོ་བ་ནི་རྨོ་བོ་ལགས་ཀྱིས་བསམ་ཡང་མི་ཕོད་པ་ཞིག་རེད། ང་ཚོས་ངེས་པར་དུ་ལས་སླ་པོར་བྱུང་བ་ཞིག་མིན་པའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་ཡག་པོ་བྱེད་དགོས”ཞེས་བཤད།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས་རྙིང་རུལ་གདུག་རྩུབ་ཀྱི་ཞིང་བྲན་ལམ་ལུགས་བོད་དུ་རྦད་དེ་རྩ་མེད་དུ་བཏང་བ་དང་། དེ་ནས་བཟུང་བོད་ལྗོངས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཆེན་ཐོག་བསྐྱོད་འགོ་ཚུགས་ཡོད། ད་ཆ་ལོ་61འདས་ཟིན་པ་དང་ཕྲུ་གུ་མང་པོ་ཞིག་ཟླ་བ་ཆོས་སྒྲོན་དང་འདྲ་བར་ཟས་གོས་སྡོད་གསུམ་ལ་སེམས་ཁྲལ་མེད་པར་སློབ་གྲྭ་ཡག་པོ་འགྲིམ་རྒྱུ་བྱུང་ཡོད་ལ། དགའ་སྤྲོའི་ངང་འཚར་ལོངས་ཡོང་བཞིན་ཡོད།

    ཟླ་བ་ཆོས་སྒྲོན་གྱིས་ང་ནི་བདེ་སྐྱིད་ལྡན་པའི་ཁོར་ཡུག་ཁྲོད་འཚར་ལོངས་བྱུང་བ་ཞིག་རེད། སྨན་པ་ཞིག་བྱས་ནས་ནད་བཅོས་སྲོག་སྐྱོབ་བྱ་རྒྱུ་ནི་ངའི་ཆུང་དུས་ཀྱི་ཕུགས་བསམ་ཡིན། སྨན་བཅོས་ལག་རྩལ་སྦྱངས་ཚེ་མི་རྣམས་ལ་ཕན་པ་ཆེན་པོ་སྒྲུབ་ཐུབ་ལ། རང་ཉིད་དང་ནང་མིར་ཡང་ལྟ་རྟོགས་བྱེད་ཐུབ།དེས་ན་2018ལོར་ངས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་བོད་ལྗོངས་སློབ་ཆེན་གསོ་རིག་ཆེད་ལས་ལ་རྒྱུགས་སྤྲད་པ་མ་ཟད་དེ་གར་བདེ་བླག་ངང་ཚུད་བྱུང་ཞེས་བཤད།

    བོད་ལྗོངས་སློབ་ཆེན་དུ་ཚུད་པའི་བརྡ་ཐོ་འབྱོར་བའི་ཉིན་དེར་ཟླ་བ་ཆོས་སྒྲོན་གྱིས་དགའ་ཚོར་ཆེན་པོས་གཏམ་བཟང་དེ་རྨོ་བོ་ལགས་ལ་བཤད།

    རྨོ་བོ་ལགས་ཀྱིས་ཟླ་བ་ཆོས་སྒྲོན་ལ“དེ་གར་རྒྱུགས་འཕྲོད་པས། ངེས་པར་དུ་སློབ་སྦྱོང་ཡག་པོ་བྱེད་དགོས། རྨོ་བོ་ང་ཚེ་གང་རིག་གནས་སྦྱངས་མྱོང་མེད་པས། འགྱོད་པ་ཆེན་པོ་སྐྱེ་ཡི་འདུག ད་ཆ་སྲིད་ཇུས་ཡག་པོ་ཡོད་པས། ཁྱེད་ཀྱིས་སྤྱི་ཚོགས་དང་རྒྱལ་ཁབ་ལ་ཕན་པའི་མི་ཞིག་བྱེད་དགོས”ཞེས་མངགས་བཅོལ་བྱས།

    ཟླ་བ་ཆོས་སྒྲོན་གྱིས་རྨོ་བོ་ལགས་ཀྱི་མངགས་བཅོལ་སེམས་ལ་བརྟན་པོ་ངེས་ཡོད། སློབ་ཆེན་འགྲིམ་རིང་། ཟླ་བ་ཆོས་སྒྲོན་གྱིས་སློབ་སྦྱོང་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱངས་པས་སྦྱངས་འབྲས་དང་ཀུན་སྤྱོད་གཉིས་ཀ་ཧ་ཅང་ལེགས་པོ་ཡོད། ཁོང་གིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིང་བའི་གོང་ང་ཚོར་འཕྲིན་ལན་གནང་བྱུང་། སླད་ཕྱིན་སློབ་སྦྱོང་དང་ལས་ཀ་བྱེད་རིང་། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་ཐུགས་རེ་དང་བཀའ་མངགས་ཟབ་མོ་གནང་བ་ཆུད་ཟོས་སུ་གཏན་ནས་མི་གཏོང་བར་གསོ་རིག་སྦྱོང་བའི་ཐོག་མའི་བསམ་འདུན་མ་བརྗེད་པར་གསོ་རིག་སྦྱོང་བའི་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། འབད་འབུངས་ཡར་བརྩོན་དང་འཇོན་ཐང་ཆེ་རུ་བཏང་སྟེ་ཏང་དང་མི་དམངས་ཀྱིས་བློས་འཁེལ་བའི་སྨན་པ་བཟང་པོ་ཞིག་བྱེད་པ་དང་གཞི་རིམ་དུ་ཞབས་འདེགས་ཞུ་བར་བསྐྱོད་དེ་ཕ་ཡུལ་འཛུགས་སྐྲུན་དང་མེས་རྒྱལ་གྱི་བཀའ་དྲིན་འཇལ་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།