དབུ་ཤོག>བོད་ལུགས་གསོ་རིག
  • ​ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་སྨན་སྣ་བཅུ་གཅིག་ལ་ལྗོངས་སྨན་རྫས་ལྟ་སྐུལ་ཅུས་ཀྱི་ཐོ་འགོད་ཨང་རྟགས་ཐོབ་པ།

  • ཡོང་ཁུངས།  ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་།   |     སྤེལ་དུས།  2020-02-14

    ཟླ་2ཚེས་1ཉིན།  ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྨན་སྦྱོར་ཐོ་འགོད་དམིགས་བསལ་ཞིབ་བཤེར་ལམ་ལུགས་གཉེར་བ་ནས་བཟུང་།  ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁངགི་སྨན་སྦྱོར་ཁང་དང་ཞིབ་འཇུག་ཁང་གིས་དུས་ཐོག་ཏུ་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ཏེ་གཙོ་བོ་ཉེར་ལྔ་སོགས་སྨན་སྣ་བཅུ་གཅིག་སྨན་ཁང་ནང་ཁུལ་གྱི་སྨན་སྦྱོར་ཁོངས་གཏོགས་སུ་ཐོ་འགོད་སྙན་ཞུ་བྱས་ཤིང་།  བོད་ལུགས་གསོ་རིག་གི་རིག་པའི་གཞུང་ལུགས་དང་བོད་སྨན་མཁས་དབང་གི་བརྒལ་བརྟག་དགོངས་འཆར་གྱི་རྨང་གཞིའི་ཐོག། དུས་ཐོག་ཏུ་སྙན་ཞུ་ལེགས་གྲུབ་དང་སྨན་སྦྱོར་ཨང་རྟགས་ལེན་ཐུབ་པ་བྱུང་བ་སྟེ།

    གཙོ་བོ་ཉེར་ལྔ།  Z2020003400

    ཕུར་ནག་དགུ་ཐང་།  Z20200031000

    ཨ་གར་སོ་ལྔ།  Z20200027000

    གཙོ་བོ་བཅུ་གསུམ།   Z20200028000   

    གཙོ་བརྒྱད་གཡུ་རལ།  Z20200029000

    ཐང་ཆེན་བརྒྱད་པ།  Z20200030000

    ལོ་གྱོན།   Z20200032000

    རྟ་ཟི་དམར་པོ།   Z20200036000

    བདུད་རྩི་སླེབ་མཆོག  Z20200035000

    ནག་པོ་དགུ་སྦྱོར།  Z20200033000

    སྤང་རྩི་བཅུ་གཉིས། Z20200037000བཅས་ཐོ་འགོད་ལེགས་གྲུབ་བྱུང་ཡོད།   ཐེངས་འདིའི་སྨན་སྦྱོར་ཐོ་འགོད་ཞིབ་བཤེར་ལས་ཀའི་བརྒྱུད་རིམ་ཁྲོད་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་རང་ནུས་འདོན་སྤེལ་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ།།

    བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་ནས།།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།