དབུ་ཤོག>བོད་ལུགས་གསོ་རིག
  • བོད་ཀྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་བོད་ལུགས་གསོ་རིག་སྨན་ཁང་ཁྱབ་ཚད་89%ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2019-08-22

    ▶ 2018ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་སྨན་རྩིས་ཁང་གིས་ལོར་མི་ཐེངས་ཁྲི་329སྨན་བཅོས་བྱས་ཡོད། སྒྲིག་ཁོངས་སུ་ཡོད་པའི་བོད་ཀྱི་གསོ་བ་རིག་པའི་ལག་རྩལ་མི་སྣ་བསྡོམས་3763ཡོད་པ་དང་། ཉལ་ཁྲི་2412ཡོད་པ། རྒྱལ་ཁབ་ཀྱི་ནད་ཐོག་སྨན་བཅོས་ཀྱི་གཙོ་གནད་ཆེད་ཚན་5དང་རྒྱལ་ཁབ་ཀྱི་གཙོ་གནད་ཆེད་ཚན་21ཡོད་པ། རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཆེད་ཚན་11བཅས་ཡོད།

    ཚེས་20ཉིན་གསར་འགོད་པར་པེ་ཅིང་དུ་འཚོགས་པའི་བོད་རིག་པའི་ཇོ་མོ་གླང་མའི་གླེང་སྟེགས་སྐབས་གསུམ་པའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔར་བོད་རང་སྐྱོང་ལྗོངས་ཡོངས་སུ་གཞུང་བཙུགས་ཀྱི་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་སྒྲིག་གཞི་43དང་དམངས་གཉེར་བོད་ལུགས་གསོ་རིག་སྨན་ཁང་13བཙུགས་པས། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་བོད་ལུགས་གསོ་རིག་སྨན་ཁང་ཁྱབ་ཚད་89%ཟིན་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་པད་མ་དབྱངས་སྒྲོན་གྱིས། བོད་ཀྱིས་སྔ་རྗེས་སུ་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཚོགས་ཆེན་ཐེངས་གསུམ་འཚོགས་ནས་སྲིད་ཇུས་བྱ་ཐབས་དང་ཆེད་དོན་འཆར་འགོད་རབ་དང་རིམ་པ་བཏོན་ནས་མ་དངུལ་འབོར་ཆེན་བཏང་སྟེ་སྨན་པ་བསྟེན་པའི་ཆ་རྐྱེན་ལེགས་སུ་བཏང་བ་དང་ལོ་ལྟར་ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་རྒྱུའི་ཐད་སྤྱད་ཡོད།

    2018ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་སྨན་རྩིས་ཁང་གིས་ལོར་མི་ཐེངས་ཁྲི་329སྨན་བཅོས་བྱས་ཡོད། སྒྲིག་ཁོངས་སུ་ཡོད་པའི་བོད་ཀྱི་གསོ་བ་རིག་པའི་ལག་རྩལ་མི་སྣ་བསྡོམས་3763ཡོད་པ་དང་། ཉལ་ཁྲི་2412ཡོད་པ། རྒྱལ་ཁབ་ཀྱི་ནད་ཐོག་སྨན་བཅོས་ཀྱི་གཙོ་གནད་ཆེད་ཚན་5དང་རྒྱལ་ཁབ་ཀྱི་གཙོ་གནད་ཆེད་ཚན་21ཡོད་པ། རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཆེད་ཚན་11བཅས་ཡོད།

    མིག་སྔར་བོད་དུ་བོད་རང་སྐྱོང་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང་བཙུགས་པའི་ནང་ཞིབ་འཇུག་སུའོ་4ཚུད་ཡོད། དེས་སྔ་རྗེས་སུ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་300ལྷག་ཙམ་ལེགས་སྒྲིག་དང་དཔེ་སྐྲུན་བྱས་པ་དང་། བོད་སྨན་གྱི་སྨན་པ་རྒན་གྲས་ཀྱི་སྨན་ཐོ་ཁྲི་10ཙམ་བསྡུ་རུབ་དང་ལེགས་སྒྲིག་བྱས་པ། ཞིབ་འཇུག་རྣམ་གྲངས་དང་ཞིབ་འཇུག་བྱ་གཞི་200ཙམ་ལ་ཞིབ་འཇུག་བྱས་ཡོད་པ་རེད།

    བོད་སྨན་གྱི་སྨན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དང་འདེབས་འཛུགས་ལག་རྩལ་ཞིབ་འཇུག་ཐད་བོད་ཀྱིས་བོད་སྨན་གྱི་སྨན་རྒྱུའི་ལྟ་དཔྱད་ལྟེ་གནས་1དང་ལྟ་དཔྱད་ས་ཚིགས་2བཙུགས་པ་དང་། བོད་སྨན་གྱི་སྨན་རྒྱུའི་འདེབས་འཛུགས་དཔེ་སྟོན་རྟེན་གཞི་བསྐྲུན་ནས་འགག་རྩའི་རང་བཞིན་གྱི་ལག་རྩལ་གྱི་དཀའ་གནད་མང་པོ་འགག་སྒྲོལ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།