དབུ་ཤོག>བོད་ལུགས་གསོ་རིག
  • འོད་མདངས་བཀྲ་བའི་མུ་ཏིག་ཅིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-26

    635270_yis_1561286117313_b.jpg

    བོད་ལྗོངས་བོད་སྨན་བདུད་རྩི་རྟགས་ཅན་གྱི་ལས་དོན་མི་སྣས་སྨན་ངོའི་ཤེས་བྱ་སློབ་སྦྱོང་བྱེད་བཞིན་པ།

    གལ་ཏེ་བོད་ཀྱི་གསོ་བ་རིག་པ་ནི་བོད་མི་རིགས་ཀྱི་བློ་རིག་ལས་བྱུང་བའི་སྙིང་བཅུད་ཅིག་རེད་ཅེས་བརྗོད་ཚེ། བདུད་རྩི་རྟགས་ཅན་མ་རྐང་ཀུང་སིའི་སྤུས་རྟགས་བོད་སྨནབདུད་རྩི་རྟགས་ཅན་ནི་མེས་རྒྱལ་གྱི་གསོ་བ་རིག་པའི་བང་མཛོད་ཀྱི་འོད་མདངས་བཀྲ་བའི་མུ་ཏིག་ཅིག་རེད་ཅེས་བརྗོད་ཆོག

    བོད་ལྗོངས་བོད་སྨན་བདུད་རྩི་རྟགས་ཅན་མ་རྐང་ཚད་ཡོད་ཀུང་སི་ནི་སྤྱི་ལོ་1696ལོར་བཙུགས་པའི་ལྷ་སའི་ལྕགས་པོ་རི་འགྲོ་ཕན་གླིང་སྨན་སྦྱོར་ཁང་ལས་བྱུང་བ་རེད། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭ་ཞེས་པར་མིང་བསྒྱུར་པ་དང་། 2012ལོའི་ཟླ་12ཚེས་28ཉིན་བོད་ལྗོངས་བོད་སྨན་བདུད་རྩི་རྟགས་ཅན་མ་རྐང་ཚད་ཡོད་ཀུང་སི(གཤམ་དུ་བདུད་རྩི་རྟགས་ཅན་བོད་སྨན་ཞེས་བསྡུ་རྒྱུ)ཞེས་པར་ལམ་ལུགས་བསྒྱུར་ནས་བཙུགས་པ་རེད།

    ལོ་323གྱི་ལོ་རྒྱུས་ལྡན་པའི་བོད་སྨན་བདུད་རྩི་རྟགས་ཅན་གྱི་སྤུས་རྟགས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཆོད་ཡོད། མི་རྣམས་ཀྱིས་བོད་སྨན་བདུད་རྩི་རྟགས་ཅན་ལ་བསྔགས་བརྗོད་ཚད་མེད་བྱེད་དོན་ནི་བོད་ལུགས་གསོ་བ་རིག་པའི་ངོ་མཚར་ཆེ་བའི་ལེགས་ཆ་ཚང་མ་ལྡན་པའི་ཁར། “ཀུན་ལ་བྱམས་སྐྱོང་དང་། རིག་གནས་རྒྱུན་འཛིན། དགེ་བ་རྒྱ་ཆེར་སྒྲུབ་པ། དམངས་ལ་ཞབས་འདེགས་ཞུ་བ”བཅས་ཀྱི་ཁེ་ལས་ཀྱི་སྙིང་སྟོབས་ལྡན་པས་བོད་སྨན་བདུད་རྩི་རྟགས་ཅན་གྱི་ཡིད་དབང་འཕྲོག་ཤུཌ་ཉམས་མེད་འཕེལ་བཞིན་ཡོད་པ་རེད།

    བོད་སྨན་བདུད་རྩི་རྟགས་ཅན་མ་རྐང་ཚད་ཡོད་ཀུང་སི་བཙུགས་ཚུན། བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་པ་མི་རབས་མང་པོས་རྒྱུན་འཛིན་བྱས་པ་བརྒྱུད་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་དང་། ལོ་རྒྱུས་རིང་ཤོས། ལག་རྩལ་གྱི་སྟོབས་ཤུགས་ཆེ་ཤོས་བཅས་ལྡན་པའི་སྲོལ་རྒྱུན་གྱི་བོད་སྨན་ཐོན་རྫས་ཁེ་ལས་ཤིག་ཏུ་གྱུར་ཡོད། བོད་སྨན་ཐོན་རྫས་ལ་འཛམ་གླིང་ཡང་རྩེའི་ས་བབ་སྨི་4000ཡན་དུ་སྐྱེས་པའི་ཁྱད་ལྡན་སྣོད་བཅུད་ཁོར་ཡུག་གི་སྨན་རྩྭ་འདེམས་སྤྱོད་དང་སྲོལ་རྒྱུན་གྱི་བོད་སྨན་ཐོན་སྐྱེད་བཟོ་རྩལ་གཞིར་བཟུང་བ་དང་དུས་མཚུངས་དེང་རབས་ཅན་གྱི་སྨན་སྦྱོར་སྒྲིག་ཆས་ནང་འདྲེན་བྱས་ཏེ་ཐོན་སྐྱེད་བྱེད་ཀྱི་ཡོད་པ་རེད། 

    “བོད་སྨན་གྱི་སྤུས་རྟགས་ཨང་དང་པོ”ཞེས་བརྗོད་པའི“བདུད་རྩི་རྟགས་ཅན”ལ་གནའ་དེང་མཉམ་འདྲེས་དང་། ཀྲུང་ཕྱི་སྦྲེལ་མཐུད། བཟོ་རྩལ་བྱང་ཆུབ་པ། བློ་གྲོས་གཅིག་བསྡུས་བཅས་ཀྱི་སྒོ་ནས་ཀྲུང་གོའི་སྲོལ་རྒྱུན་གསོ་རིག་གི་ངོ་མཚར་མངོན་བཞིན་ཡོད། དེའི་སྨན་སྦྱོར་དང་དེ་བཞིན་མུ་ཏིག་བདུན་ཅུ་དང་། རིན་ཆེན་གྲང་སྦྱོར་སོགས་ཀྱི་སྦྱོར་རྟ་ཚང་མ་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྩ་ཆེན་ཡིན་པ་རེད།

    བོད་སྨན་བདུད་རྩི་རྟགས་ཅན་གྱིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་སྨན་བཅོས་ཀྱི་ཕན་ནུས་ཡག་པོ་ཐོན་པ་དང་དེའི་སྨན་ཐོ་ཕལ་ཆེ་བ་བོད་ཀྱི་གསོ་བ་རིག་པའི་གཞུང《རྒྱུད་བཞི》སོགས་ལས་བྱུང་ཞིང་། གསུང་རབ་དེ་དག་ནི་བོད་ཀྱི་གསོ་བ་རིག་པའི་མཁས་དབང་ཚོའི་བློ་གྲོས་ཀྱི་ཉིང་ཁུ་རེད། དེའི་ནང་བོད་སྨན་བདུད་རྩི་རྟགས་ཅན་གྱི་མུ་ཏིག་བདུན་ཅུའི་སྦྱོར་རྟའི་ལག་རྩལ་དང་རིན་ཆེན་མང་སྦྱོར་གྱི་གསང་ཐབས་དང་། དེ་བཞིན་དེའི་ཐུན་མོང་མ་ཡིན་པའི་གསོ་རིག་གི་རིན་ཐང་བཅས་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དང་གསང་སྲུང་སྣ་ཁའི་ནང་བཅུག་པ་མ་ཟད། དེར་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་གྱི་བསམ་བློའི་རིན་ཐང་དང་། བསམ་གཞིག་བྱ་ཐབས། རིག་གནས་ཀྱི་འདུ་ཤེས་བཅས་འདུས་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་གསོན་ཤུགས་དང་གསར་གཏོད་ནུས་པ་མངོན་ནས་འཛམ་གླིང་གསོ་རིག་མ་ལག་གི་འོད་སྟོང་འཕྲོ་བའི་མཆོག་ནོར་ཞིག་ཏུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།