དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལུགས་གསོ་རིག་གི་ཐོན་ལས་ཀྱི་སྤུས་ཀ་ལེགས་སུ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སུན་ཝུན་ཅོན།   |     སྤེལ་དུས།  2019-06-26

    རང་ལྗོངས་ནི་བོད་ལུགས་གསོ་བ་རིག་པ་འཕེལ་རྒྱས་གཏང་ཡུལ་གལ་ཆེན་ཞིག་རེད། ཁྱད་ལྡན་ལེགས་ཆའི་ཐོན་ལས་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ངོས་ནས་བོད་སྨན་ལས་རིགས་ཀྱི་སྤུས་ཀ་ལེགས་སུ་བཏང་སྟེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཡུན་རིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང“བདེ་ཐང་གི་བོད་ལྗོངས”འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པར་བོད་ཀྱིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་མྱུར་པོ་གཏོང་དགོས་ལུགས་བཏོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་བོད་སྨན་གྱི་ཐོན་ལས་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་འཕེལ་རྒྱས་གཏོང་དགོས་པའི“ཐོན་ལས་ཆེ་གྲས་བདུན”གྱི་གྲས་སུ་བཅུག་ནས་བོད་ལུགས་གསོ་བ་རིག་པའི་ཚན་རྩལ་གསར་གཏོད་དང་ཚད་ལྡན་མ་ལག་གང་མགྱོགས་འཛུགས་དགོས་པ་དང་བོད་སྨན་ལས་རིགས་ཀྱི་སྤུས་ཀ་ལེགས་སུ་གཏོང་དགོས་ལུགས་བསྟན་ཡོད། དེས་ན། རང་ལྗོངས་ཀྱི་གསོ་བ་རིག་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་བསམ་བློའི་ངོས་འཛིན་དང་། ཚན་རྩལ་གསར་གཏོད་སོཌ་གཅིག་གྱུར་བྱེད་དགོས།

    བསམ་བློའི་ངོས་འཛིན་ནི་སྔོན་འགྲོའི་ཆ་རྐྱེན་རེད། བསམ་བློས་མཐོ་ཚད་གཏན་འཁེལ་བྱེད་ཐུབ། བོད་ལུགས་གསོ་བ་རིག་པ་འཕེལ་རྒྱས་གཏོང་བར་ངེས་པར་དུ་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ནས་བོད་ལུགས་གསོ་བ་རིག་པ་འཕེལ་རྒྱས་གཏོང་བ་རང་ལྗོངས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པར་ངོས་འཛིན་གང་ལེགས་ཐུབ་དགོས། 

    ཚན་རྩལ་གསར་གཏོད་ནི་གཞི་རྩ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་དགོས་པའི”འདུ་ཤེས་བཏོན་ཡོད། མིག་སྔར་ཚན་རྩལ་གྱིས་བོད་ལུགས་གསོ་བ་རིག་པའི་ཐོན་རྫས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར“འཇུར་མིག”འཕྲད་ཡོད་རུང་། གོ་སྐབས་ནི་དེ་བས་ལྡན་ཡོད། བོད་སྨན་གྱི་ཐོན་ལས་འཕེལ་རྒྱས་གཏོང་བ་ཞིབ་སྤེལ་གསར་གཏོད་དང་ཁ་འབྲལ་ཐབས་མེད་པས། ངེས་པར་དུ་གསོ་བ་རིག་པའི་བཟོ་ལས་ལག་རྩལ་གསར་གཏོད་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་རང་ལྗོངས་ཀྱི་བོད་སྨན་བཟོ་ལས་ཐོན་རྫས་ཀྱི་སྤུས་ཚད་དང་རིག་ནུས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།