དབུ་ཤོག>བོད་ལུགས་གསོ་རིག
  • ​ སྨན་གླིང་རྫོང་གི“ཡུལ་སྐོར+རིག་གནས”ལ་ཕན་འབྲས་ཆེན་པོ་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-14

    ཉེ་བའི་ལོ་ཤས་རིང“རིག་གནས་དང་ཡུལ་སྐོར་མཉམ་འདྲེས”ཀྱི་རྒྱབ་ལྗོངས་ཆེན་པོའི་འོག་སྨན་གླིང་རྫོང་གིས་རང་ངོས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ“ཡུལ་སྐོར+”ཡི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཤིང་། བོད་ཀྱི་ཁྱད་ལྡན་གསོ་བ་རིག་པ་དང་། ལྷོ་པའི་དམངས་སྲོལ་རིག་གནས། སྤུས་ལེགས་ཀྱི་ཡུལ་སྐོར་ཐོན་ཁུངས་བཅས་ལ་གཞི་བཅོལ་ནས་ཡུལ་བབ་དང་བསྟུན་ཞིང་། རིགས་དབྱེའི་ཐབས་ཇུས་ལག་བསྟར་གྱིས“བླ་སྲོག”ལྡན་པའི་སྨན་གླིང་ཡུལ་སྐོར་ནུས་ཤུགས་ཡོད་རྒུས་བཏོད་པ་རེད།

    སྨན་གླིང་རྫོང་གིས“རིག་གནས་ལ་བརྟེན་ནས་ཡུལ་སྐོར་དར་རྒྱས་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས”ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་འགག་གནད་དང་ཤུགས་རྒྱག་ས་ཡང་དག་པར་བཙལ་ཁར། ཁྱད་ལྡན་ཅན་དང་ཧེ་བག་ཅན་གྱི་འཕེལ་རྒྱས་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཁྱད་ལྡན་དམངས་སྲོལ་རིག་གནས་ཐོན་ཁུངས་དང་སྣོད་བཅུད་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་དང་། བོད་ཀྱི་གསོ་བ་རིག་པའི་སྲོལ་གཏོད་པ་གཡུ་ཐོག་ཡོན་ཏན་མགོན་པོ་སོགས་ཀྱིས་ཚབ་མཚོན་བྱས་པའི་བོད་ཀྱི་གསོ་བ་རིག་པའི་རིག་གནས་སྔོག་འདོན་གཏིང་ཟབ་བྱས་པ་བརྒྱུད། ཟུར་གསུམ་གྲོང་ཚོ་དང་རྟ་ཐོག་ཁ་གྲོང་ཚོ་སོགས་ཡུལ་སྐོར་དཔེ་སྟོན་གྲོང་ཚོ་གཞི་རྟེན་དུ་བྱས་པའི་གྲོང་གསེབ་ཀྱི་དམངས་སྲོལ་ཡུལ་སྐོར་དང་། མོན་པ་དང་ལྷོ་པའི་དམངས་སྲོལ་རིག་གནས་སོགས་ཐོན་ཁུངས་ལ་བརྟེན་ཏེ་སྤྲོ་གསེང་རིག་གནས་ཡུལ་སྐོར་གྱི་ལམ་ཐིག་གསར་སྤེལ་ཤུགས་ཆེན་བྱས་ནས། ཁྱད་ཆོས་མངོན་གསལ་དོད་པ་དང་ལེགས་ཆ་གསབ་རེས་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་ཆཌ་རྒྱུར་སྐུལ་འདེད་བཏང་བ་རེད།

    སྨན་གླིང་རྫོང་གིས་རིག་གནས་ཡུལ་སྐོར་གྱི་ཁེ་ལས་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་དམངས་ཁྲོད་ཀྱི་བཟོ་རྩལ་དང་མཉམ་འདྲེས་ཀྱིས་གནའ་བོའི་རིག་གནས་ཀྱི་གཞི་རྒྱུ་དང་། དེང་རབས་ཀྱི་ལག་ཤེས་བཟོ་རྩལ། དུས་རབས་གསར་པའི་འཛད་སྤྱོད་ཀྱི་དགོས་མཁོ་བཅས་མཉམ་དུ་འདུས་པའི་རིག་གནས་ཡུལ་སྐོར་ཐོན་རྫས་དང་གསར་གཏོད་ཐོན་རྫས་གསར་སྤེལ་བྱས་ཡོད། མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ཞར་བྱུང་དངོས་རྫས་དང་རིག་གནས་ཡུལ་སྐོར་ཚོང་ཟོག་ཞིབ་སྤེལ་བྱས་ཏེ་རིག་གནས་ཡུལ་སྐོར་ཚོང་ཟོག་གི་ཡིད་དབང་འཕྲོག་ཤུཌ་དང་མཐུན་ནུས་བཅས་རྒྱ་ཆེར་བཏང་སྟེ། དེ་དག་སྨན་གླིང་ཡུལ་སྐོར་གྱི“གཅེས་ཉར་དངོས་པོ”དང“འབུལ་རྟེན་དངོས་རྫས”སུ་གྱུར་པ་རེད།

    རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པའི་དུས་སྟོན་བྱེད་སྒོར་བརྟེན་ནས་སྨན་གླིང་རྫོང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གང་ལེགས་བྱས་པས། རིག་གནས་ནི་བླ་སྲོག་དང་ཡུལ་སྐོར་ནི་གཞི་རྟེན་ཡིན་པའི་འཕེལ་རྒྱས་གཏོང་སྟངས་ཆགས་ཡོད། དེ་དང་ཆབས་ཅིག་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་དང་། མེ་ཏོག་པད་མའི་བོད་ཀྱི་གསོ་བ་རིག་པའི་རིག་གནས་ཡུལ་སྐོར་དུས་ཆེན། ཡར་ཀླུང་གཙང་པོའི་སྣོད་བཅུད་རིག་གནས་ཡུལ་སྐོར་དུས་ཆེན། ཨ་ཕ་རྟ་ཉི་རིག་གནས་དུས་ཆེན་སོགས་རིག་གནས་ཡུལ་སྐོར་གྱི་དུས་སྟོན་བྱེད་སྒོར་ཧུར་ཐག་གིས་ཞུགས་ནས་སྨན་གླིང་རྫོང་གི་རིག་གནས་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ནུས་ཆེ་རུ་གཏོང་གང་ཐུབ་བྱས་པ་རེད།

    སྨན་གླིང་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་ཐོན་ཁུངས་སྔོག་འདོན་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ཆོས་ལ་བརྩི་འཇོག་དང་དེའི་ཆོས་ཉིད་ལ་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག་རྣམ་གྲངས་གདམ་གསེས་ཀྱིས་ཡུལ་སྐོར་གསར་སྤེལ་བྱས་ཡོད། ས་གནས་དེ་གའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་དང་ཡུལ་སྐོར་བའི་དགོས་མཁོ་མི་འདྲ་བ་སྐོང་ཆེད། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་རིང་སྨན་གླིང་རྫོང་གིས་ས་ཁོངས་ཀྱི་སྲོལ་རྒྱུན་ཟས་མཆོག་དང་། ཁྱད་ལྡན་སྡོད་ཁང་། དམངས་སྲོལ་བྱེད་སྒོ། ཐོན་སྐྱེད་དང་འཚོ་བ་སོགས་ལ་གཙོ་གནད་ཐོག་དམིགས་ཏེ་འབྲེལ་ཡོད་ཀྱི་ཉམས་ལེན་རང་བཞིན་གྱི་བྱེད་སྒོར་སྐུལ་འདེད་བཏང་བ་དང་། དམངས་སྲོལ་སྡོད་ཁང་དང་ཁྱིམ་ཚང་མགྲོན་ཁང་རྩེ་གྲ་གཉེར་བ། བོད་རིགས་ཀྱི་ཁྱད་ལྡན་ཟས་རིགས་མཁོ་འདོན། ཡུལ་སྐོར་བ་ལོ་ལེགས་དུས་ཆེན་དང་ཀོང་པོའི་ལོ་གསར་སོགས་དམངས་ཁྲོད་དུས་ཆེན་མཉམ་དུ་གཏོང་རྒྱུར་གདན་ཞུ་བཅས་བྱས་ནས་ཡུལ་སྐོར་བས་དམངས་སྲོལ་གོམས་འདྲིས་མི་འདྲ་བ་མྱོང་ཚོར་ཐུབ་པར་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་སྨན་གླིང་རྫོང་གིས་སྨན་གླིང་གི་རིག་གནས་ལེགས་ཆ་མུ་མཐུད་བེད་སྤྱོད་ཡག་པོ་བྱེད་པ་དང་། “ཡུལ་སྐོར+”ཡི་འདུ་ཤེས་ལ་བརྟེན་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེཌ་ཆར་འགྱུར་བར་བྱས་ཏེ་སྨན་གླིང་གི་མཛེས་ལྗོངས་ལམ་ཐིག་དེ་ཉིད་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཏུ་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།