དབུ་ཤོག>བོད་ལུགས་གསོ་རིག
  • ལོ་ཐོའི་ཟླ་བཤད་ཀུན་གསལ་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-10

    རྒྱ་རྩིས་དབྱར་ཐ་ཤིང་མོ་ལུག་ཟླ་ཆུང་བ། ཚེས་2སྟག་གི་ལྔ་ཆ་བཞི་ནས་དཔྱིད་ཐ་མའི་རང་སྒང་ཟིན། འབྲུ་ཆར་འབེབས། ཞིང་ཀུན་འདེབས་རན། ཁུ་བྱུག་སླེབས། རྟེན་འབྲེལ་སྐྱེ་མཆེད། རང་ལྗོངས་སུ་ཕྱི་འདེབས་ཀྱི་ཞིང་ཁ་རྣམས་འདེབས་རན། སྔ་འདེབས་ཟིན་པའི་ཞིང་ཁ་ཁག་གི་སྐྱེ་བབ་ལ་ཞིབ་འཇུག་གིས་སྐྱ་ཐེར་ལུས་སར་དུས་ཐོག་ཏུ་ས་བོན་སྣོན་འདེབས་བྱེད་པ་དང་། དགུན་འདེབས་ལོ་ཏོག་ལ་མུ་མཐུད་གཡོག་བྱེད་ཡག་པོ་བྱེད་དགོས། ཚེས་15གླང་གི་ལྔ་ཆ་གཅིག་ནས་ཚེས་16བྱི་བའི་ལྔ་ཆ་གསུམ་བར་ཉི་མ་ནག ཚེས་19སྦྲུལ་གྱི་ལྔ་ཆ་གཉིས་ནས་ཕྱི་ཟླའི་དབུགས་ཐོབ། དབྱར་ཟུག གངས་ཆུ་མདར་སླེབས། ནག་ཆུ་དང་བྱང་ཤར་དུ་ཆར་དུས་འགོ་ཚུཌ། དཔྱིད་འདེབས་ལྗང་པར་ཡུར་མ་རྒྱག་པ་དང་། ལུད་རྒྱག་པ། ཆུ་གཏོང་བ་བཅས་བྱ་དགོས། འབྲོག་ཁུལ་དུ་རྩྭ་ཐང་ལ་ཆུ་འདྲེན་གཏོང་དང་། ཆབས་ཅིག་ཕྱུགས་ནད་སྔོན་འགོག་གི་ལས་ཀ་ཡག་པོ་བྱེད་དགོས། 

    སྤྱི་ལ་ཟླ་འདིར་འབྱུང་བ་ཆུ་རླུང་ཁམས་ཤས་ཆེ་བས་ཡུལ་སྤྱིར་ཁ་ཆར་འཚུབ་པ་ཅུང་མང་། རླུང་བུ་ལྡང་། བྱེ་བྲག་ཚེས་5ནས་དབུས་ཕྱོགས་དང་ལྷོ་མཚོ་སྣ། བྱང་ནག་ཆུ་བཅས་ལ་མཁའ་རླུང་བུ་ཡུག་འཚུབ་ལ་དྭོགས། གནམ་གཤིས་ཚ་གྲང་འགྱུར་ལྡོག་ཆེ། ནུབ་དང་ཤར་ཕྱོགས་ས་ཁུལ་འགའ་ཤས་ལ་ས་གཡོ་རླུང་འཚུབ་འོང་བའི་མཚན་མ་མངོན། སྤྱིའི་འབབ་ཚེས་2、4、5、6、7、9、11、17、19、20、22、23、24、25、27བཅས་ཀྱི་སྐོར་ལ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།