དབུ་ཤོག>བོད་ལུགས་གསོ་རིག
  • མཚོ་སྔོན་གྱིས་བོད་ལུགས་སྨན་ཁང་46བཙུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2019-04-02

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་3ཚེས་31ཉིན་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དོ་དམ་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། མིག་སྔར་མཚོ་སྔོན་ཞིང་ཆེན་དུ་བོད་ལུགས་སྨན་ཁང་46ཡོད་ཅིང་། ནད་ཁྲི་3300ལྷག་བཀོད་སྒྲིག་བྱས་ཡོད་པ་དང་། ཆ་སྙོམས་ལོ་རེར་སྒོ་བསྟེན་སྨན་བཅོས་བྱེད་ཚད་མི་ཐེངས་ཁྲི་70ཟིན་པ། སྨན་ཁང་དུ་སྡོད་མཁན་མི་ཐེངས་ཁྲི་10ཟིན་གྱི་ཡོད་པ་རེད།

    མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དོ་དམ་ཅུས་ཀྱི་ཅུས་ཀྲང་རུའེ་ཀྲིས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱི་བོད་སྨན་རྒྱལ་ནང་གི་ཞིང་ཆེན་མང་པོར་འཚོང་གི་ཡོད་པ་དང་། བོད་སྨན་གྱི་ཁེ་ལས་ཀྱིས་རི་པིན་དང་། ཨ་རི། ཨུ་རུ་སུ། ཧན་གོ སའེ་ཨེར་ཝེ་ཡ་སོགས་རྒྱལ་ཁབ་དང་ལས་སྒོའི་གྲོས་མོལ་གཏིང་ཟབ་བྱས་ནས་མཚོ་སྔོན་གྱི་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་ཁྲིད་བྱེད་བཞིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་ལུགས་གསོ་རིག་གི་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་26ཟིན་པ་དེས་རྒྱལ་ཡོངས་བོད་ཀྱི་གསོ་བ་རིག་པའི་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་44%བཟུང་ཡོད། སྔོན་དཔག་ལྟར་ན། ལོ་དྲུག་ནང་མཚོ་སྔོན་གྱི་བོད་ལུགས་གསོ་རིག་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་100ཟིན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།